Home > Announcements > བརྡ་འཕྲིན (FLT Registration)

བརྡ་འཕྲིན (FLT Registration)

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ལུ་ཞུ་དོན་དེ་ཡང་ ལྷན་ཚོགས་ལས་ སྤྱི་ཚེས་ ༠༢-༠༨-༢༠༢༡ ལུ་སྤེལ་ཡོད་པའི་བརྡ་འཕྲིན་ཨང་ ཨི་སི་བི་/བརྡ་འཕྲིན-༠༡-༢༠༢༡/༤༨༡༣ ཅན་མ་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ཆོས་རྒྱུགས་ཀྱི་དོན་ལས་ ཐོ་བཀོད་འབད་ནིའི་ཚེས་གྲངས་མཇུག་འདི་ སྤྱི་ཚེས་ ༡༥-༠༩-༢༠༢༡ ལུ་ཨིན་རུང་ ད་ཚུན་ ཆོས་རྒྱུགས་ཀྱི་དོན་ལུ་ ཐོ་བཀོད་འབད་མི་ཨམ་སྲུའི་གྱངས་ཁ་ ཉུང་སུ་ཅིག་ལས་མེདཔ་ལས་ ཨམ་སྲུ་ཚུ་གི་ཕོ་མོ་འདྲ་མཉམ་སྦེ་ བཙག་འཐུའི་རིང་ལུགས་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཐོ་བཀོད་འབད་ནིའི་ཚེས་གྲངས་མཇུག་འདི་ སྤྱི་ཚེས་ ༢༠-༠༩-༢༠༢༡ ལུ་ ཕར་འཕུལ་འབད་དེ་ཡོདཔ་ཨིན། དེ་འབདཝ་ལས་ དང་འདོད་ཅན་གྱི་ཕོ་མོ་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཆོས་རྒྱུགས་ཀྱི་དོན་ལུ་ ག་དེ་མགྱོགས་མགྱོགས་ ཐོ་བཀོད་མཛད་གནང་དགོ་པའི་དྲན་སྐུལ་ལུ།

རང་ལུགས་གནམ་ལོ་ལྕགས་མོ་གླང་ལོ་ ཟླ་༨ པའི་ཚེས་ ༤ ལུའམ་ སྤྱི་ཚེས་ ༡༠-༠༩-༢༠༢༡ ལུ་སྤེལ།