Home > Notifications > (FLT Registration) སྤྱི་ལོ་༢༠༢༡ ས་གནས་གཞུང་གསུམ་པའི་བཙག་འཐུའི་དོན་ལུ་ དང་འདོད་ཅན་གྱི་འདེམས་ངོ་ཚུའི་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་འགོ་འདྲེན།

(FLT Registration) སྤྱི་ལོ་༢༠༢༡ ས་གནས་གཞུང་གསུམ་པའི་བཙག་འཐུའི་དོན་ལུ་ དང་འདོད་ཅན་གྱི་འདེམས་ངོ་ཚུའི་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་འགོ་འདྲེན།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་དམངས་ལུ་ཞུ་དོན་འདི་ཡང་ གཤམ་འཁོད་ལས་འཆར་བཀོད་ཡོད་མི་དང་འཁྲིལ་ སྤྱི་ལོ་ ༢༠༢༡ ས་གནས་གཞུང་གསུམ་པའི་བཙག་འཐུའི་དོན་ལུ་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་འགོ་འདྲེན་འཐབ་ནི་ཨིན་པའི་ བརྡ་འཕྲིན་སྤེལཝ་ཨིན།

 

༡༽ ཐོ་བཀོད་འབད་ནིའི་ཚེས་གྲངས་འགོ་བཙུགས། སྤྱི་ཚེས་ ༠༣-༠༨-༢༠༢༡ ལུ།
༢༽ ཐོ་བཀོད་འབད་ནིའི་ཚེས་གྲངས་མཇུག སྤྱི་ཚེས་ ༡༥-༠༩-༢༠༢༡ ལུ།
༣༽ བྲིས་རྒྱུགས་བརྟག་དཔྱད་དང་ངག་རྒྱུགས་བརྟག་དཔྱད། སྤྱི་ཚེས་ ༠༡-༡༠-༢༠༢༡ ལུ།

ས་གནས་གཞུང་གསུམ་པའི་བཙག་འཐུའི་དོན་ལུ་ ངེས་ཏིག་དོ་འགྲན་འབད་ནི་ཨིན་མི་ དང་འདོད་ཅན་གྱི་འདེམས་ངོ་ཚུ་གིས་ ཆོས་རྒྱུགས་ཀྱི་དོན་ལས་ཐོ་བཀོད་འདི་ ཡོངས་འབྲེལ་འཆར་སྒོ་ https://dramig.ecb.bt/flt/registration ཐོག་ལས་དང་ ཡང་ན་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ལས་ འབྲི་ཤོག་ཕབས་ལེན་འབད་དེ་ ཆོས་རྒྱུགས་ཕུལ་ནི་ཨིན་པའི་ས་གནས་ཀྱི་ རྒེད་འོག་ཡིག་ཚང་དང་ རྫོང་ཁག་བཙག་འཐུ་ཡིག་ཚང་ དེ་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བ་གང་རུང་ཅིག་ནང་ བཀང་སྟེ་ཕུལ་དགོཔ་ཨིན། གཞན་ བྲིས་རྒྱུགས་དང་བརྟག་དཔྱད་ལྟེ་བའི་སྐོར་ལས་ དོགས་སེལ་འབད་དགོཔ་ཡོད་པ་ཅིན་ འབྲེལ་ཡོད་རྫོང་ཁག་བཙག་འཐུ་ཡིག་ཚང་དང་འབྲེལ་བ་མཛད་གནང་།
ཨིན་རུང་ ཧེ་མ་ལས་ ལྷན་ཚོགས་ཀྱིས་ཁ་ཐུག་ལས་གནང་ཡོད་པའི་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་མཐར་འཁྱོར་ཡོད་པའི་ ལག་ཁྱེར་འཆང་ཡོད་པ་ཅིན་ ལོག་ཆོས་རྒྱུགས་ནང་བཅའ་མར་གཏོགས་མ་དགོཔ་ཨིན།
རང་ལུགས་གནམ་ལོ་ལྕགས་མོ་གླང་ལོ་ ཟླ་༦ པའི་ཚེས་ ༢༤ ལུའམ་ སྤྱི་ལོ་ ༠༢-༠༨-༢༠༢༡ ལུ་སྤེལ།