Home > བརྡ་འཕྲིན། > བརྡ་འཕྲིན: ཚོགས་རྒྱན་ཁ་གྱངས་མཐོ་ཤོས་ཀྱི་འདྲ་མཉམ་ཐོབ་མི་ ས་གནས་གཞུང་གི་འདེམས་ཁོངས་ཚུ་ནང་ བཙག་འཐུ་ལོག་འགོ་འདྲེན་འཐབ་ནི།

བརྡ་འཕྲིན: ཚོགས་རྒྱན་ཁ་གྱངས་མཐོ་ཤོས་ཀྱི་འདྲ་མཉམ་ཐོབ་མི་ ས་གནས་གཞུང་གི་འདེམས་ཁོངས་ཚུ་ནང་ བཙག་འཐུ་ལོག་འགོ་འདྲེན་འཐབ་ནི།

 

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༤༦༣ པ་དང་འཁྲིལ་ སྤྱི་ཚེས་༢༧-༩-༢༠༡༦ ལུ་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་ གོ་རིམ་གཉིས་པའི་སྐབས་ཀྱི་ ཚོགས་རྒྱན་གྲུབ་འབྲས་འདྲ་མཉམ་ཐོབ་ཡོད་མི་ གཤམ་འཁོད་འདེམས་ཁོངས་༡༣ ནང་ལུ་ བཙག་འཐུ་ལོག་འགོ་འདྲེན་འཐབ་ནི་ཨིན་མི་ཚུ་ཡང་

ཨང་ རྫོང་ཁག་ རྒེད་འོག་ སྤྱི་འོག་ མིང་གསལ་ ཕོ་/མོ་ གོ་གནས་
ཆུ་ཁ། སྐྱབས་ཆ་རྒེད། སྦུ་ན་ཁ། པ་སངས་ཚེ་རིང་། ཕོ་ ཚོགས་པ།
གཡང་སྐྱིད། མོ་
དཀར་དཀར་ན། རྡོ་རོ་ན་རྒེད་འོག། ཀ་མཱལ་ དོཇ་ རའེ། ཕོ་ དམངས་མི།
སོམ་ བཱ་དུར་ རའེ། ཕོ་
གེ་སར་གླིང་། བཀྲིས་ཐང་། ཧཱར་ག་ བཱ་དུར་ སུ་བྷ། ཕོ་ ཚོགས་པ།
ཨྱོན་རྡོ་རྗེ། ཕོ་
ཁེ་སྦིས་ས། མཐོངམ་སྒང་། ཤེར་པ། མོ་ ཚོགས་པ།
བསོད་ནམས་བཀྲིས། ཕོ་
ཁྲོམ་སྡེ། འཇིགས་མེད་རྡོ་རྗེ། ཕོ་ ཁྲོམ་སྡེ་ངོ་ཚབ།
པ་སངས་དབང་འདུས། ཕོ་
མོང་སྒར། ཤེར་མུ་ཧཱུྂ། སྒང་མུང་། ཀུན་དགའ་དབང་མོ། ཕོ་ ཚོགས་པ།
བསོད་ནམས། ཕོ་
པདྨ་དགའ་ཚལ། མཁར། རྡོ་རྗེ་རྒྱལ་མཚན། ཕོ་ དམངས་མི།
རྟ་མགྲིན་རྒྱལ་མཚན། ཕོ་
སྤུངས་ཐང་ཁ། དགོན་ཤ་རི། ཡོར་སྦོ། ཕུར་པ། ཕོ་ ཚོགས་པ།
འཕྲིན་ལས། ཕོ་
གསར་སྤང་། བདེ་སྐྱིད་གླིང་། ནུབ་སྒང་། གྲམ་བིར་ སིང་ དཱ་ཧཱལ། ཕོ་ ཚོགས་པ།
མཱན་ བྷ་དུར་ ཀཱར་ཀི། ཕོ་
བསམ་གྲུབ་ལྗོངས་མཁར། བསམ་རང་། ཀུན་དགའ། ཕོ་ དམངས་མི།
པཱན་ཇི་ཀ་ གུ་རུང་། མོ་
བཀྲིས་སྒང་། ར་དྷི། སྤག་ཀ་གླིང་། པདྨ་བསྟན་འཛིན། ཕོ་ ཚོགས་པ།
ཚེ་རིང་ཕུན་ཚོགས། ཕོ་
ཀྲོང་གསར། ཁྲོམ་སྡེ། ཀརྨ་ལས་འཕྲོ། ཕོ་ ཁྲོམ་སྡེ་ངོ་ཚབ།
ཚེ་རིང་། མོ་
༡༠ རྩི་རང་། སེམས་ལྗོངས། གདང་རས་སྒང་། བཱལ་ བཱིར་ རའེ། ཕོ་ ཚོགས་པ།
གཱ་ནིཤ་ ཀུ་མར་ཇོ་གི། ཕོ་
བཙག་འཐུ་འདི་ དམངས་མི་༣ ཚོགས་པ་༨ དེ་ལས་ ཁྲོམ་སྡེ་ངོ་ཚབ་༢ གི་གོ་གནས་དོན་ལུ་ ལོག་འགོ་འདྲེན་འཐབ་ནི་ཨིན།

མོང་སྒར་རྫོང་ཁག་ ཐངས་རོང་རྒེད་འོག་གི་ ཨ་ཏོ་ལ་སྤྱི་འོག་གི་ཚོགས་པའི་ ཚོགས་རྒྱན་བསྐྱར་ལོག་འདི་ཡང་ ཚོགས་རྒྱན་གྲུབ་འབྲས་འདྲ་མཉམ་ཐོབ་ཡོད་མི་འདེམས་ཁོངས་ཚུ་ནང་ བཙག་འཐུ་ལོག་འགོ་འདྲེན་འཐབ་པའི་ ཚོགས་རྒྱན་ཉིནམོ་འདི་ཁར་ འགོ་འདྲེན་འཐབ་ནི་ཨིན།

བཙག་འཐུ་ལོག་འགོ་འདྲེན་འཐབ་ནི་ལུ་ དམིགས་བསལ་ཀྱི་གྲ་སྒྲིག་ཚུ་ གཤམ་གསལ་ལྟར་ཨིན་མི་ཚུ་ཡང་

༡. འདེམས་ངོ་ཚུ་གིས་ ཡིག་ཆ་ཚུ་ ལོག་སྟེ་རང་བཙུགས་མ་དགོ་པར་ འཕྲལ་ཁམས་ལུ་འགོ་འདྲེན་འཐབ་ཡོད་པའི་ གདམ་ངོའི་ཡིག་ཆ་དང་བྱ་སྒོའི་རིམ་པ་ཚུ་ ཆ་གནས་ཡོདཔ་ལུ་བརྩི་འཇོག་འབད་ནི་ཨིན།

༢. ཚོགས་རྒྱན་སྐབས་ འདྲ་མཉམ་ཐོབ་མི་འདེམས་ངོ་ཚུ་གིས་རྐྱངམ་ཅིག་ དོ་འགྲན་འབད་ནི་ཨིན།

༣. འབྲེལ་ཡོད་རྫོང་ཁག་ནང་ བཙག་འཐུ་ལོག་འགོ་འདྲེན་འཐབ་ནི་ལུ་ རང་སོའི་འབྲེལ་ཡོད་རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་ ངོས་ལེན་འགོ་དཔོན་སྦེ་ བསྐོ་བཞག་འབད་ནི་ཨིན།

༤. བཙག་འཐུ་ལོག་འགོ་འདྲེན་འཐབ་ནི་ལུ་ འབྲེལ་ཡོད་རྫོང་ཁག་གི་ འགོ་དཔོན་གོངམ་ཅིག་ལྟ་ལྟོག་དང་སྙན་ཞུ་འབད་ནི་ལུ་ རྒྱལ་ཡོངས་ལྟ་རྟོག་སྦེ་བསྐོ་བཞག་འབད་ནི་ཨིན།

༥. འབྲེལ་ཡོད་འདེམས་ཁོངས་ཀྱི་ ཆ་འཇོགས་ཅན་གྱི་འགྲེམ་ཐོག་རྒྱན་ཤོག་ཞུ་ཡིག་གི་ཐོ་ཚུ་དེ་འཕྲོ་ལས་འབྲེལ་ཡོད་ངོས་ལེན་འགོ་དཔོན་གྱིས་བཟོ་སྟེ་ འགྲེམ་ཐོག་རྒྱན་ཤོག་འདི་གཏང་དགོ། འདི་སྐབས་ གལ་སྲིད་རྒྱལ་ཁབ་ཀྱི་ཕྱི་ཁའི་འགྲེམ་ཐོག་རྒྱན་ཤོག་བཏང་མི་ ཡང་ན་ ཐིམ་ཕུག་དང་ཐིམ་ཕུག་གི་ཉེ་འདབ་ཁ་བྱང་ཐོག་ཨིན་མི་ འགྲེམ་ཐོག་རྒྱན་གཏང་མི་ཚུ་ལུ་ འགྲེམ་ཐོག་རྒྱན་ཤོག་ཚུ་ དུས་ཚོད་ཡུན་བགྱང་ལུས་མ་དགོ་པར་ འགྲེམ་ཐོག་རྒྱན་ཤོག་གཏང་མི་ལུ་ སྤྲོད་ནི་དོན་ལས་ ལྷན་ཚོགས་ལྟེ་བའི་ཞིབ་རོགས་ངོས་ལེན་འགོ་དཔོན་ལུ་གཏང་ནི་ཨིན།

༦. སྤྱི་ཚེས་༢༧-༩-༢༠༡༦ ལུ་ ཚོགས་རྒྱན་འཕྲུལ་ཆ་གི་གྲུབ་འབྲས་གསལ་སྟོན་འབད་མ་བཏུབ་པར་ལུས་ཡོད་མི་ མོང་སྒར་རྫོང་ཁག་ ཐངས་རོང་རྒེད་འོག་ཨ་ཏོ་ལ་སྤྱི་འོག་གི་ བསྐྱར་ལོག་བཙག་འཐུ་འདི་གི་དོན་ལུ་ འགྲེམ་ཐོག་རྒྱན་ཤོག་ཐད་ ཚོགས་རྒྱན་འཕྲུལ་ཆ་གི་བྱ་སྟབས་མ་བདེ་བའི་གནད་ཁུངས་ཁོ་ན་ལུ་ཨིནམ་ལས་ འགྲེམ་ཐོག་རྒྱན་ཤོག་གི་བྱ་རིམ་འདི་ ལོག་སྟེ་ལག་ལེན་མ་འཐབ་པར་ ཧེ་མ་བཏང་ཡོད་མི་དེ་རང་ཆ་འཇོག་ཨིན།

() བཙག་འཐུའི་ལས་འཆར།

༡. གོང་འཁོད་འདེམས་ཁོངས་ཚུ་ནང་ བཙག་འཐུ་ལོག་འགོ་འདྲེན་འཐབ་ནིའི་ཚེས་གྲངས་དང་ དུས་ཚོད་ཚུའི་ལས་འཆར་འདི་ གཤམ་འཁོད་ལྟར་དུ་ཨིན་མི་ཚུ་ཡང་

 

ཚེས་གྲངས་དང་དུས་ཚོད། དྲན་གསོ།
༥-༡༠-༢༠༡༦
(ཕུར་བུ་)
-བཙག་འཐུ་ལོག་འགོ་འདྲེན་འཐབ་ནི་ལུ་ བརྡ་འཕྲིན་སྤེལ་ནི།
༦-༡༠-༢༠༡༦
(པ་སངས་)
-ངོས་ལེན་འགོ་དཔོན་/ཞིབ་རོགས་ངོས་ལེན་འགོ་དཔོན་གྱིས་ ཆ་འཇོག་ཅན་གྱི་འགྲེམ་ཐོག་རྒྱན་ཤོག་གི་ཞུ་བ་ཕུལ་མི་ཚུ་ལུ་ འགྲེམ་ཐོག་རྒྱན་ཤོག་གཏང་ནི་འགོ་བཙུགས་ནི།
-བཙག་འཐུའི་བསྐུལ་བསྒྲགས་འགོ་བཙུགས་ནི།
༩-༡༠-༢༠༡༦
(ཕུར་བུ་) དྲོ་པའི་ཆུ་ཚོད་ ༩
-བཙག་འཐུའི་བསྐུལ་བསྒྲགས་མཇུག་བསྡུ་ནི།
༢༠-༡༠-༢༠༡༦
(པ་སངས་ ཕྱི་རུའི་ཆུ་ཚོད་ ༥)
-ངོས་ལེན་འགོ་དཔོན་ཚུ་གིས་ འགྲེམ་ཐོག་རྒྱན་ཤོག་ལེན་ནི་མཐའ་མཇུག་ཚེས་གྲངས།
༢༡-༡༠-༢༠༡༦
(སྤེན་པ་ དྲོ་པ་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་ ༥ ཚུན་)
-ཚོགས་རྒྱན་ཉིནམོ་དང་ གྲུབ་འབྲས་བསྡོམས་ནི།
༢༢-༡༠-༢༠༡༦
(ཉི་མ་)
-གྲུབ་འབྲས་གསལ་བསྒྲགས་འབད་ནི།
-འབྲུག་རྒྱལ་པོའི་ཞབས་སར་ གྲུབ་འབྲས་སྤྱན་འབུལ་ཕུལ་ནི།
-བཙག་འཐུའི་བཤེར་ཡིག་ཕུལ་ནི་དུས་ཡུན་འགོ་བཙུགས།
༢༥-༡༠-༢༠༡༦
(ལྷག་པ་)
-བཙག་འཐུའི་ལག་ཁྱེར་གནང་ནི།
༨-༡༡-༢༠༡༦
(ལྷག་པ་ ཕྱི་རུའི་ཆུ་ཚོད་ ༥)
-བཙག་འཐུའི་བཤེར་ཡིག་དུས་ཡུན་མཇུག་བསྡུ།

 

(ཁ)  ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ་༢༠༡༦ འདི་གི་དོན་ལུ་ བསྐུལ་བསྒྲགས་དང་འབྲེལ་བའི་ གནས་ཚིག་དང་ཆ་རྐྱེན་ཚུ་དེ་ལས་ བཙག་འཐུའི་སྒྲིག་གཡོག་ནང་གི་འགོ་དཔོན་ཚུ་དང་ ཚོགས་རྒྱན་འགོ་འདྲེན་འཐབ་མི་གི་ ཀུན་སྤྱོད་རྣམ་གཞག་དང་ ལཱ་དང་འགན་ཁུར་ཚུ་ཆ་མཉམ་རང་ བརྡ་འཕྲིན་ཨང་ ཨི་སི་བི་/བརྡ་འཕྲིན་-༠༡/༢༠༡༦/༡༩༣ སྤྱི་ཚེས་༩-༨-༢༠༡༦ ཅན་མ་ནང་ཡོད་མི་འདི་རང་ཨིན།

རང་ལུགས་གནམ་ལོ་མེ་ཕོ་སྤྲེལ་ལོ་ ཟླ་བརྒྱད་པའི་ཚེས་བཞི་འམ་ སྤྱི་ལོ་༢༠༡༦ ཟླ་༡༠ པའི་ཚེས་༥ ལུ་སྤེལ།

 

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།