Home > བརྡ་འཕྲིན།

སྤྱི་ལོ་༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ བཙག་འཐུའི་ཐོ་ཡིག་མཐའ་དཔྱད་ཕྱིར་སྤེལ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བརྡ་འཕྲིན་ཨང་ ཨི་སི་བི/བརྡ་འཕྲིན-༠༡/༢༠༢༡/༥༣༥༧ སྤྱི་ཚེས་ ༡༠-༡༡-༢༠༢༡ དང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༡༡༨ ཅན་མ་ཚུ་དང་འཁྲིལ་ སྤྱི་ལོ་༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ བཙག་འཐུའི་ཐོ་ཡིག་མཐའ་དཔྱད་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཐོ་ཡིག་མཐའ་དཔྱད་འདི་ ཕྱིར་སྤེལ་འབདཝ་ཨིན། བཙག་འཐུའི་ཐོ་ཡིག་མཐའ་དཔྱད་འདི་ སྤྱི་ཚེས་ ༡༡ ལས་ ༢༠-༡༡-༢༠༢༡ ཚུན་གྱི་དུས་ཡུན་རིང་ལུ་ རྫོང་ཁག་ཚུ་ལས་ “ཐོབ་བརྗོད་དང་ དགག་ཆ་” བཀོད་དེ་ཡོད་མི་ཚུ་ མཉམ་སྡེབ་དང་བསྒྱུར་བཅོས་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་ ཆ་བཞག་ཚེས་གྲངས་ སྤྱི་ཚེས་ ༡-༡༠-༢༠༢༡ ཚུན་ལུ་ ཚོགས་རྒྱན་སྐྱུར་མི་བསྡོམས་ ༤༦༣,༠༤༠ ཡོད་མི་ནང་ལས་ ཨམ་སྲུ་ ༢༣༦,༨༣༦ དང་ ཕོ་རྒས་ ༢༢༦,༢༠༣ ཨིན་མས། བཙག་འཐུའི་ཐོ་ཡིག་འདི་ འདེམས་ཁོངས་དང་འཁྲིལ་ ཁ་དབྱེ་སྟེ་གཤམ་འཁོད་ལྟར་དུ་ཨིན།  ཨང་།རྫོང་ཁགཕོམོཡོངས་བསྡོམས༡བུམ་ཐང་།༤༩༩༣༥༦༣༥༡༠༦༢༨༢ཆུ་ཁ།༡༢༩༩༤༡༣༢༦༣༢༦༢༥༧༣དར་དཀར་ན།༡༣༤༥༣༡༣༤༤༧༢༦༩༠༠༤མགར་ས།༡༠༣༦༡༡༤༧༢༡༨༣༥ཧཱ།༣༩༡༥༤༣༥༣༨༢༦༨༦ལྷུན་རྩེ།༨༥༢༧༩༤༧༡༡༧༩༩༨༧མོང་སྒར།༡༧༨༦༣༡༩༢༧༧༣༧༡༤༠༨སྤ་རོ།༩༦༢༢༡༠༥༦༥༢༠༡༨༧༩པདྨ་དགའ་ཚལ།༡༣༦༤༨༡༤༤༤༣༢༨༠༩༡༡༠སྤུངས་ཐང་ཁ།༨༧༢༥༩༥༩༠༡༨༣༡༥༡༡བསམ་གྲུབ་ལྗོངས་མཁར།༡༣༣༩༦༡༤༤༤༨༢༧༨༤༤༡༢བསམ་རྩེ།༢༦༦༥༣༢༤༦༤༧༥༡༣༠༠༡༣གསར་སྤང་།༡༥༤༤༧༡༥༦༢༢༣༡༠༦༩༡༤ཐིམ་ཕུག༣༦༣༡༣༩༨༧༧༦༡༨༡༥བཀྲིས་གཡང་རྩེ།༩༦༨༦༡༠༤༩༤༢༠༡༨༠༡༦བཀྲིས་སྒང་།༢༤༦༡༠༢༦༣༣༨༥༠༩༤༨༡༧ཀྲོང་གསར།༥༢༣༦༥༦༥༤༡༠༨༩༠༡༨རྩི་རང་།༡༢༩༦༡༡༢༥༤༠༢༥༥༠༡༡༩དབང་འདུས་ཕོ་བྲང་།༩༩༩༧༡༡༨༠༡༢༡༧༩༨༢༠གཞལ་སྒང་།༩༨༡༡༡༠༡༡༤༡༩༩༢༥ཡོངས་བསྡོམས། ༢༢༦,༢༠༤༢༣༦,༨༣༦༤༦༣,༠༤༠ སྤྱི་ལོ་༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ རྒྱལ་ཁབ་ནང་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་བསྡོམས་ལས་ ༤༤,༢༣༡ ༼༣༩,༤༥༣ འབྲུག་ནང་འཁོད་དང་

Read More

ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་ མི་དམངས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་འགག་ཆ་བཀོད་ནི་ལུ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ མི་དམངས་ཡོངས་ལུ་ཞུ་དོན་ དེ་ཡང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༡༡༢ པ་དང་ འགྲེམ་ཐོག་རྒྱན་ཤོག་བཅའ་ཡིག་དང་སྒྲིག་གཞི་ ༢༠༡༨ ཅན་མའི་དོན་ཚན་ ༤.༡ དང་འཁྲིལ་ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མིའི་ཐོ་ཡིག་ཟིན་བྲིས་འདི་ མི་དམངས་ཀྱིས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་དགག་ཆ་བཀོད་ནི་གི་དོན་ལུ་ བརྡ་ཕྲིན་སྤེལཝ་ཨིན། བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མིའི་ཐོ་ཡིག་ཟིན་བྲིས་འདི་ འབྲེལ་ཡོད་རྫོང་ཁག་བཙག་འཐུའི་ཡིག་ཚང་དང་ ཐིམ་ཕུག་ཀ་ཝ་བྱང་ས་ བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བ་ ཡང་ན་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ https://berms.ecb.bt/enrollment/check ནང་གཟིགས་ཚུགས།   ཁྱད་ཡོན་ལྡན་པའི་ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱིས་རང་ ཁྱོད་རང་བཙག་འཐུའི་ཐོ་ཡིག་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མིའི་ཐོ་ཡིག་ནང་ཚུད་ཡོདཔ་དང་ ཁ་གསལ་ཚུ་མ་འཛོལ་བར་ ངེས་བདེན་བཀོད་དེ་ཡོད་མེད་ བདེན་དཔྱད་འབད་གནང་དགོ་པའི་ མགྲོན་བརྡ་ཞུཝ་ཨིན། ཐོབ་བརྗོད་ཟེར་མི་འདི་ བཙག་འཐུའི་ཐོ་ཡིག་ནང་བཀོད་ནི་ལུ་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ནོར་བ་འབད་བཀོད་དེ་ཡོད་མི་དང་ ཡང་ན་ ག་འབད་རུང་ཅིག་གི་ བརྡ་དོན་ཁ་གསལ་མ་ཚུད་པར་ཡོད་མི་དེ་ དག་བཅོས་འབད་ནི་ལུ་སླབ་ཨིན) དེ་ལས་ དགག་ཆ་ཟེར་མི་འདི་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ག་འབད་རུང་ཅིག་ འཛོལ་ཏེ་ཚུད་ཡོད་པ་ཅིན་ དེ་ལུ་ དགག་ཆ་བཀོད་ནི་ལུ་སླབ་ཨིན)

Read More

ས་གནས་གཞུང་གི་བཙག་འཐུ་ ༢༠༢༡། འབྲུག་གི་རྩ་ཁྲིམས་ཆེན་མའིོ ་མངའ་འོག་ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པ།

Microsoft Word - Dzo ༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༡༩༧ པའི་དགོངས་དོན་དང་འཁྲིལ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་མངའ་འོག་ རྒེད་འོག་ ༢༠༥ རྒེད་འོག་ཚོགས་སྡེའི་བཙག་འཐུ་ རྫོང་ཁག་ཁྲོམ་སྡེ་ངོ་ཚབ་ ༡༦ དེ་ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲོམ་སྡེ་ཚོགས་སྡེ་ བཙག་འཐུ་འགོ་འདྲེན་འཐབ་ ནིའི་གསལ་བསྒྲགས་འབདཝ་ཨིན། lg2021_dzoDownload

Read More

སྤྱི་ལོ་༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ འགྲེམ་ཐོག་རྒྱན་ཤོག་ཐོ་བཀོད།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཡོངས་ལུ་ གསལ་བསྒྲགས་འབད་ནི་དེ་ཡང་ འཕྲལ་ར་འགོ་འདྲེན་འཐབ་ནི་ཨིན་པའི་ སྤྱི་ལོ་ ༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་  འགྲེམ་ཐོག་རྒྱན་ཤོག་མཐུན་རྐྱེན་སྤྱོད་ནིའི་ རེ་འདོད་ཡོད་པ་ཅིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ཅིག་ཁར་ ཐོ་བཀོད་མཛད་གནང་ཟེར་ཞུ་ནི། འགྲེམ་ཐོག་རྒྱན་ཤོག་འདི་ཡང་ ནད་ཡམས་ཀོ་ཝིཊ་ ༡༩ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་གི་དོན་ལུ་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༣༣༡ ནང་འཁོད་ཡོད་མི་ཚུ་བརྩིས་ཏེ་ རང་སོའི་འདེམས་ཁོངས་ཀྱི་ཕྱི་ཁར་བཞུགས་མི་ དང་འདོད་ཅན་གྱི་ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ག་ར་ལུ་ ལྷན་ཐབས་འབད་ནི་ཨིན།  ཐོ་བཀོད་དེ་ཡོངས་འབྲེལ་གྱི་ཐོག་ལས་ https://berms.ecb.bt/postal/registration ནང་མཛད་ཚུགས། ཡོངས་འབྲེལ་གྱི་རིང་ལུགས་ཐོག་ལས་ ཐོ་བཀོད་འབད་ནི་ལུ་ རྒྱབ་སྐྱོར་འབད་དགོཔ་ཡོད་མི་ཚུ་གིས་ ཉེ་འདབས་ལུ་ཡོད་པའི་ རྒེད་འོག་ཡིག་ཚང་ ཡང་ན་ བཙག་འཐུའི་ཡིག་ཚང་ཚུ་ནང་ ཡིག་ཚང་གི་དུས་ཚོད་ཁར་འབྲེལ་བར་མཛད་གནང་། ཐོ་བཀོད་འབད་ནི་འདི་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༡༡ པའི་ཚེས་ ༠༡ ཕྱི་རུ་ཆུ་ཚོད་ ༥:༠༠ ལུ་མཇུག་བསྡུ་ནི་ཨིན། གཞན་ཁ་གསལ་གྱི་དོན་ལུ་ སྤྱོད་ཁྲལ་དགོངས་ཡངས་ཨང་ ༢༠༠༨ ཀྱིས་ཐོག་ལས་འབྲེལ་བ་མཛད་གནང་།

Read More

མི་དམངས་གསལ་བསྒྲགས།

༉ མི་དམངས་ལུ་ཞུ་དོན་དེ་ཡང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༢༦༨ ཅན་མའི་དགོངས་དོན་དང་འཁྲིལཝ་ད་ བཙག་འཐུའི་བརྡ་འཕྲིན་ཕྱིར་སྤེལ་མ་འབདཝ་ཚུན་ བཙག་འཐུའི་བསྐུལ་བསྒྲགས་ཀྱི་ལམ་རིམ་འགོ་འདྲེན་འཐབ་མ་ཆོགཔ་སྦེ་ཨིན་རུང་ སྤྱི་ལོ་༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ དང་འདོད་ཅན་གྱི་འདེམས་ངོ་ལ་ལུ་ཅིག་གིས་ ད་ལྟོ་ལས་རང་ ཚུལ་མིན་གྱི་བཙག་འཐུའི་བསྐུལ་བསྒྲགས་འབད་དོ་ཡོད་པའི་སྐོར་ བཙག་འཐུ་ལྷན་ཚོགས་ཀྱིས་ཤེས་རྟོགས་བྱུང་སྟེ་ཡོདཔ་ལས་ ལྷན་ཚོགས་ཀྱིས་ཁ་ཐུག་ལས་ མི་དམངས་ཀྱི་བཙག་འཐུའི་བསྐུལ་བསྒྲགས་འབད་ནི་ལས་ འཛེམ་གནང་དགོ་པའི་དྲན་སྐུལ་ཕུལཝ་ཨིན། བཙག་འཐུའི་བརྡ་འཕྲིན་ཕྱིར་སྤེལ་མ་འབད་བའི་གོང་ལས་ བསྐུལ་བསྒྲགས་འབད་བ་ཅིན་ བཙག་འཐུའི་ཁྲིམས་ལས་འགལ་བ་སྦེ་བརྩི་འཇོག་འབད་དེ་ ཁྲིམས་དང་འཁྲིལ་དང་ལེན་འབད་ནི་ཨིན་པའི་དྲན་གསོ་ལུ།

Read More

མོང་སྒར་དང་པདྨ་དགའ་ཚལ་རྫོང་ཁག་གི་མངའ་འོག་ མོང་སྒར་དང་ངང་ལམ་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུའི་དོན་ལུ་ བཙག་འཐུའི་ཐོ་བཀོད་ཟིན་བྲིས་ མི་དམངས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་འགག་ཆ་བཀོད་ནི་ལུ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ མི་དམངས་ཡོངས་ལུ་ཞུ་དོན་ དེ་ཡང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༡༡༢ པ་དང་ ༡༡༣ པ་དེ་ལས་ འགྲེམ་ཐོག་རྒྱན་ཤོག་བཅའ་ཡིག་དང་སྒྲིག་གཞི་ ༢༠༠༨ ཅན་མའི་དོན་ཚན་ ༤.༡ དང་འཁྲིལ་ མོང་སྒར་དང་པདྨ་དགའ་ཚལ་རྫོང་ཁག་གི་མངའ་འོག་ མོང་སྒར་དང་ངང་ལམ་འདེམས་ཁོངས་ཀྱི་དུས་མིན་བཙག་འཐུའི་དོན༌ལས༌ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མིའི་ཐོ་ཡིག་ཟིན་བྲིས་འདི་ མི་དམངས་ཀྱིས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་དགག་ཆ་བཀོད་ནི་གི་དོན་ལུ་ བརྡ་ཕྲིན་སྤེལཝ་ཨིན། བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མིའི་ཐོ་ཡིག་ཟིན་བྲིས་འདི་ འབྲེལ་ཡོད་རྫོང་ཁག་བཙག་འཐུའི་ཡིག་ཚང་དང་ ཐིམ་ཕུག་ཀ་ཝ་བྱང་ས་ བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བ་ ཡང་ན་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ https://berms.ecb.bt/enrollment/check ནང་གཟིགས་ཚུགས། ཁྱད་ཡོན་ལྡན་པའི་ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱིས་རང་ ཁྱོད་རང་བཙག་འཐུའི་ཐོ་ཡིག་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མིའི་ཐོ་ཡིག་ནང་ཚུད་ཡོདཔ་དང་ ཁ་གསལ་ཚུ་མ་འཛོལ་བར་ ངེས་བདེན་བཀོད་དེ་ཡོད་མེད་ བདེན་དཔྱད་འབད་གནང་དགོ་པའི་ མགྲོན་བརྡ་ཞུཝ་ཨིན། ཐོབ་བརྗོད་ཟེར་མི་འདི་ བཙག་འཐུའི་ཐོ་ཡིག་ནང་བཀོད་ནི་ལུ་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ནོར་བ་འབད་བཀོད་དེ་ཡོད་མི་དང་ ཡང་ན་ ག་འབད་རུང་ཅིག་གི་ བརྡ་དོན་ཁ་གསལ་མ་ཚུད་པར་ཡོད་མི་དེ་ དག་བཅོས་འབད་ནི་ལུ་སླབ་ཨིན) དེ་ལས་ དགག་ཆ་ཟེར་མི་འདི་ (དཔེ་འབདནི་

Read More

སྤྱི་ལོ་༢༠༢༡ ཐིམ་ཕུག་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུགས་ ཁྲོམ་སྡེ་གསུམ་གྱི་ བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ འགྲེམ་ཐོག་རྒྱན་ཤོག་ཐོ་བཀོད།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཐིམ་ཕུག་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ཁྲོམ་སྡེའི་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་སྐྱུར་མི་ཡོངས་ལུ་ གསལ་བསྒྲགས་འབད་ནི་དེ་ཡང་ འཕྲལ་ར་འགོ་འདྲེན་འཐབ་ནི་ཨིན་པའི་ ཁྲོམ་སྡེའི་བཙག་འཐུ་ སྤྱི་ལོ་ ༢༠༢༡ གི་དོན་ལུ་ འགྲེམ་ཐོག་རྒྱན་ཤོག་མཐུན་རྐྱེན་སྤྱོད་ནིའི་ རེ་འདོད་ཡོད་པ་ཅིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ཅིག་ཁར་ ཐོ་བཀོད་མཛད་གནང་ཟེར་ཞུ་ནི། ཐོ་བཀོད་དེ་ཡོངས་འབྲེལ་གྱི་ཐོག་ལས་ https://berms.ecb.bt/postal/registration ནང་མཛད་ཚུགས། ཨིན་རུང་ ཐོ་བཀོད་འདི་ལག་ཐོག་ མཛད་ནི་ཨིན་པ་ཅིན་ འབྲི་ཤོག་འདི་ www.ecb.bt ལས་ཕབ་ལེན་འབད་ཚུགསཔ་དང་ ཡང་ན་ རྫོང་ཁག་བཙག་འཐུའི་ ཡིག་ཚང་ཚུ་ལས་ཐོབ་ཚུགས། ཁྱོད་ཀྱིས་ བཀང་ཡོད་པའི་ འབྲི་ཤོག་འདི་ pbinfo@ecb.bt ནང་ གློག་འཕྲིན་འབད་བསྐྱལ་དགོཔ་དང་ ཡང་ན་ འགྲེམས་ཐོག་འབད་བསྐྱལ་ནི་ ཡང་ན་ མི་ངོ་འབད་ ཐིམ་ཕུག་ ཀ་ཝང་བྱང་ས་ལུ་ཡོད་པའི་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ཡིག་ཚང་ནང་ཕུལ་ནི་དང་ ཡང་ན་ ཉེ་འདབས་ལུ་ཡོད་པའི་ རྫོང་ཁག་བཙག་འཐུའི་ཡིག་ཚང་ནང་ཕུལ་དགོ ཕྱི་རྒྱལ་ལུ་བཞུགས་མི་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུ་ ཨིན་པ་ཅིན་ འབྲི་ཤོག་འདི་ pboverseas@ecb.bt

Read More

ཁྲོམ་སྡེ་ཚོགས་པ་ཐེངས་གསུམ་པའི་བཙག་འཐུ་དོན་ལུ་ དང་འདོད་ཅན་གྱི་འདེམས་ངོ་ཚུའི་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་འགོ་འདྲེན་ ༢༠༢༡།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་འདི་ཡང་ གཤམ་འཁོད་ལས་འཆར་བཀོད་ཡོད་མི་དང་འཁྲིལ་ ཐིམ་ཕུག་ ཕུན་ཚོགས་གླིང་ དེ་ལས་ དགེ་ལེགས་ཕུག་གི་ རྫོང་ཁག་ཁྲོམ་སྡེ་གསུམ་གྱི་དོན་ལས་ འབྲི་ལྷག་ཤེས་ཡོན་རིག་རྩལ་བརྟག་དཔྱད་འགོ་འདྲེན་འཐབ་ནི་ཨིན་པའི་ བརྡ་འཕྲིན་སྤེལཝ་ཨིན། ༡༽ ཐོ་བཀོད་འབད་ནིའི་ཚེས་གྲངས་མཇུག སྤྱི་ཚེས་ ༡༥-༠༢-༢༠༢༡ ལུ། ༢༽ བྲིས་རྒྱུགས་བརྟག་དཔྱད་དང་ངག་རྒྱུགས་བརྟག་དཔྱད། སྤྱི་ཚེས་ ༡༩-༠༢-༢༠༢༡ ལུ། ཁྲོམ་སྡེ་གསུམ་གྱི་ནང་ལས་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ ཁྲོམ་སྡེ་ཚོགས་པའི་གོ་གནས་ལུ་ དོ་འགྲན་འབད་མི་ཚུ་གིས་ ཆོས་རྒྱུགས་ཀྱི་དོན་ལས་ཐོ་བཀོད་འབད་ནིའི་ཐད་ཁར་ ནད་ཡམས་ཀྱི་གནས་སྟངས་ལུ་བརྟེན་ ཡོངས་འབྲེལ་འཆར་སྒོ་ https://dramig.ecb.bt/flt/registration ཐོག་ལས་ ཕུལ་དགོཔ་དང་ གཞན་བྲིས་རྒྱུགས་དང་བརྟག་དཔྱད་ལྟེ་བའི་སྐོར་ལས་ དོགས་སེལ་འབད་དགོཔ་ཡོད་པ་ཅིན་ འབྲེལ་ཡོད་རྫོང་ཁག་བཙག་འཐུ་ཡིག་ཚང་དང་འབྲེལ་བ་འཐབ་ནི་ཨིན། ཨིན་རུང་ རྒེད་འོག་༢༠༥ དང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ ས་གནས་གཞུང་གི་བཙག་འཐུ་ ཐེངས་གསུམ་པའི་འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ཀྱི་དོན་ལུ་ཨིན་པ་ཅིན་ ལྷན་ཚོགས་ཀྱིས་ ཤུལ་ལས་གསལ་བསྒྲགས་འབད་ནི་ཨིན་ད་ ཧེ་མ་ལས་ ལྷན་ཚོགས་ཀྱིས་ཁ་ཐུག་ལས་གནང་ཡོད་པའི་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་མཐར་འཁྱོར་ཡོད་པའི་ ལག་ཁྱེར་འཆང་ཡོད་པ་ཅིན་ ལོག་ཆོས་རྒྱུགས་ནང་བཅའ་མར་གཏོགས་མ་དགོཔ་ཨིན། རང་ལུགས་གནམ་ལོ་ལྕགས་ཕོ་བྱི་ལོ་ ཟླ་ ༡༢ པའི་ཚེས་ ༢༠ ལུའམ་ སྤྱི་ལོ་ ༠༢-༠༢-༢༠༢༡

Read More

མི་དམངས་བརྡ་འཕྲིན།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༢༠༢ པ་དང་འཁྲིལ་ མི་དམངས་ཡོངས་ལུ་གསལ་བསྒྲགས་འབད་ནི་ དེ་ཡང་ ཐིམ་ཕུག་དང་ཕུན་ཚོགས་གླིང་ དེ་ལས་ དགེ་ལེགས་ཕུག་ ཁྲོམ་སྡེ་གསུམ་གྱི་ཡིག་ཚང་འཆང་ནིའི་གནས་ཡུན་འདི་ སྤྱི་ལོ་༢༠༢༡ སྤྱི་ཟླ་ ༢ པའི་སྤྱི་ཚེས་ ༢༦ ལུ་ཚངམ་ཨིན་མས། འདིའི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ རྒྱལ་ཁབ་ནང་ནད་ཡམས་ཀོ་ཝིཊ་ ༡༩ གི་གནས་སྟངས་ལས་ རྟེན་ལྷན་ཚོགས་ཀྱི་ཁ་ཐུག་ལས་ གསོ་བའི་ལྷན་ཁག་གིས་གནང་བའི་ གསོ་བའི་འཕྲོད་བསྟེན་སྒྲིག་གཞི་དང་ ལམ་སྟོན་ཚུ་དང་འཁྲིལ་ བཙག་འཐུའི་དོན་ལུ་ ཐབས་ལམ་མ་འདྲཝ་ཚུ་ལག་ལེན་འབད་ཐོག་ལས་འགོ་འདྲེན་ཐབས་ནི་ཨིན། ད་རེས་ནངས་པ་ ནད་ཡམ་གྱིས་གནས་སྟངས་འདི་ནང་ ཁྲོམ་སྡེའི་བཙག་འཐུ་ འགོ་འདྲེན་འཐབ་ནིའི་དོན་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ལས་བྱེདཔ་ཚུ་གིས་ ཐིམ་ཕུག་དང་ཕུན་ཚོགས་གླིང་ དེ་ལས་ དགེ་ལེགས་ཕུག་ ཁྲོམ་སྡེའི་འདེམས་ཁོངས་ནང་ཡོད་པའི་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཚུ་ལས་ གནས་སྡུད་བསྡུ་ལེན་འབད་ནི་ཨིན། གནས་སྡུད་འདིའི་དོན་ལུ་ གོང་འཁོད་ཁྲོམ་སྡེའི་ འདེམས་ཁོངས་ནང་གི་ གུང་རེ་ལས་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ མི་ངོམ་རེ་དང་ཅིག་ཁར་་བྲེལ་བ་འཐབ་ནི་ཨིནམ་ལས་ ཁྲོམ་སྡེའི་བཙག་འཐུ་ ༢༠༢༡ འདི་ ཉེན་སྲུང་དང་ལྡནམ་འབད་འགོ་འདྲེན་འཐབ་ནིའི་དོན་ལུ་

Read More

བུམ་ཐང་རོང་ཁག་ ཆོས་འཁོར་-སྟང་ འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མིའི་ དུས་ མིན་བཙག་འཐུ་གི་གྲུབ་འབྲས་གསལ་བསྒྲགས།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༤༤༣ པ་ དང་ ༤༤༧ ཅན་མ་དང་འཁྲིལ་ སྤྱི་ཚེས་༡༩-༡༡-༢༠༢༠ ལུ་ བུམ་ཐང་རོང་ཁག་ ཆོས་འཁོར་-སྟང་ འདེམས་ཁོངས་ཀྱི་རྒྱལ་ཡོངས་ཚོགས་འདུའི་འཐུས་མིའི་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཟླ་བ་འདི་ བཙག་འཐུ་གྲུབ་ཡོད་པའི་སྐོར་ མི་མང་ཡོངས་ལུ་བརྡ་འཕྲིན་སྤེལཝ་ཨིན། ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཡོངས་བསོམས་ ༦༢༡༩ (ཕོ་རྒས་༢༩༠༤ དང་ ཨམ་སྲུ་ ༣༣༡༥) ལས་ ཚོགས་ རྒྱན་སྐྱུར་བར་འོང་མི་བསོམས་ ༤༥༩༦ ཀྱིས་ཚོགས་རྒྱན་བཙུགས་ཏེ་ཡོདཔ་ལས་ བརྒྱ་ཆ་ ༧༣.༩༠% གིས་ ཚོགས་རྒྱན་ བཙུགས་ཏེ་འདུག ཚོགས་རྒྱན་བཙུགས་ཡོད་མི་ཡོངས་བསོམས་ལས་ ཚོགས་རྒྱན་ ༣༣༡༥ འདི་ ཚོགས་རྒྱན་ས་ཁོངས་ ༡༡ ཚུ་ནང་ མི་ངོ་བོ་འབད་འགྱོ་སྟེ་ ཚོགས་རྒྱན་འཕྲུལ་ཆས་ཐོག་བཙུགས་ཏེ་ཡོདཔ་དང་ ཚོགས་རྒྱན་ ༡༢༨༡ འདི་ འགྲེམ་ཐོག་ རྒྱན་ཤོག་ཐོག་བཙུགས་ཏེ་འདུག དུས་མིན་བཙག་འཐུ་འདི་ནང་ དོ་འགྲན་འབད་མི་ འདེམས་ངོ་གཉིས་ཆ་རང་གིས་

Read More

རྒཔོ་དང་དམངས་མི་ དེ་ལས་ རྒེད་འོག་ཚོགས་སྡེའི་ཚོགས་པའི་ དུས་མིན་བཙག་འཐུ་གི་ གྲུབ་འབྲས་གསལ་བསྒྲགས།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་ དོན་ཚན་ ༤༥༧ དང་ འཁྲིལ་ བཀྲིས་གཡང་རྩེ་རོང་ཁག་ འབུམ་སྡེ་གླིང་རྒེད་འོག་གི་ རྒཔོ་དང་ སྤུ་ན་ཁ་རོང་ཁག་ དགོན་ཤ་རི་རྒེད་འོག་གི་ དམངས་མི་ མོང་སྒར་རོང་ཁག་ བ་ལམ་རྒེད་འོག་ བ་ལམ་-མོར་ཕུ་སྤྱི་འོག་དང་ ན་རང་རྒེད་འོག་ ཁྲི་ནང་ཕུ་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པ་དང་ རྩིས་རང་རོང་ཁག་ སྤུང་རྟེན་ཆུ་རྒེད་འོག་ དཔལ་འབོར་གླིང་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པ་ པདྨ་དགའ་ཚལ་རོང་ཁག་ བཟོ་སྦལ་རྒེད་འོག་ ངང་མ་ལང་_ཟོར་མཇུག་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པའི་ གོ་གནས་ཀྱི་དོན་ལུ་ དུས་མིན་བཙག་འཐུའི་གྲུབ་འབྲས་འདི་ གསལ་བསྒྲགས་འབདཝ་ཨིན། བཙག་འཐུ་གྲུབ་མི་ རྒཔོ་དང་དམངས་མི་ དེ་ལས་ རྒེད་འོག་ཚོགས་སྡེ་ཚོགས་པའི་ འདེམས་ངོ་ཚུའི་ ཁ་གསལ་ཚུ་གཤམ་འཁོད་ལྟར་ཨིན། ཚོགས་རྒྱན་སྐྱུར་མིའི་གྲངས་འབོར་དང་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཚུ་གི་ གནས་ཚུལ་འདི་ གཤམ་འཁོད་ལྟར་དུ་ཨིན། ༡༽ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་བསོམས། ༤༣༧༧ ༼ཕོ། ༢༡༢༠ མོ། ༢༢༥༧༽ ༢༽ ཚོགས་རྒྱན་སྐྱུར་ཡོད་པའི་བསོམས། ༡༥༩༨ ༼ཕོ། ༧༦༣

Read More

བུམ་ཐང་རྫོང་ཁག་ ཆོས་འཁོར་-སྟང་ འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མིའི་ དུས་མིན་བཙག་འཐུ།

༉ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ སྤྱི་ཚེས་༡༤-༡༠-༢༠༢༠ ལུ་ གནང་ཡོད་པའི་བཀའ་ཐམ་ཆེན་མོའི་དགོངས་དོན་ལུ་ གུས་བཏུད་དང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༥༧༧ དང་༥༧༩ ཅན་མ་དང་འཁྲིལ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བུམ་ཐང་རྫོང་ཁག་མངའ་འོག་གི་ རྒྱལ་ཡོངས་ཚོགས་འདུའི་ ཆོས་འཁོར་-སྟང་ འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ དུས་མིན་བཙག་འཐུའི་ལས་འཆར་དང་ འདེམས་ངོའི་གདམ་ངོ་དང་འབྲེལ་བའི་ཁ་གསལ་ བཙག་འཐུའི་ཐོ་ཡིག་ ཚོགས་རྒྱན་འཕྲུལ་ཆས་ ཚོགས་རྒྱན་ས་ཁོངས་ ཚོགས་རྒྱན་འགོ་དཔོན་ ཚོགས་རྒྱན་འཛིན་སྐྱོང་ བདེ་སྲུང་ དེ་ལས་ གཞན་གྲ་སྒྲིག་ཚུའི་བརྡ་འཕྲིན་གཤམ་འཁོད་ལྟར་སྤེལ་མི་ཡང་

Read More

བུམ་ཐང་རྫོང་ཁག་ ཆོས་འཁོར་-སྟང་ འདེམས་ཁོངས་ཀྱི་དུས་མིན་བཙག་འཐུའི་ བཙག་འཐུའི་ཐོ་བཀོད་ ཟིན་བྲིས་ མི་མང་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་འགག་ཆ་བཀོད་ནི་ལུ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ མི་དམངས་ཡོངས་ལུ་ཞུ་དོན་ དེ་ཡང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༡༡༢ པ་ ༡༡༣ པ་དང་འཁྲིལ་ ཆོས་འཁོར་-སྟང་ འདེམས་ཁོངས་ཀྱི་དུས་མིན་བཙག་འཐུའི་དོན༌ལས༌ བཙག་འཐུའི་ཐོ་ཡིག་ཟིན་བྲིས་འདི་ མི་དམངས་ཀྱིས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་དགག་ཆ་བཀོད་ནི་གི་དོན་ལུ་ བརྡ་ཕྲིན་སྤེལཝ་ཨིན།

Read More

རྒཔོ་དང་ རྒེད་འོག་ཚོགས་སྡེའི་ཚོགས་པའི་ དུས་མིན་བཙག་འཐུ་གི་ གྲུབ་འབྲས་གསལ་བསྒྲགས།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་ དོན་ཚན་ ༤༥༧ དང་ འཁྲིལ་ བཀྲིས་གཡང་རྩེ་རོང་ཁག་ འབུམ་སྡེ་གླིང་རྒེད་འོག་གི་ རྒཔོ་དང་ ཧཱ་རོང་ཁག་ དགའ་སྐྱིད་གླིང་རྒེད་འོག་ རྡོ་རི་ མཐའ་ས་-ཀོཝ་ཁ-ཡང་རྩེ་ སྤྱི་འོག་དང་ གསར་སྤང་རོང་ཁག་ རྟ་རས་ཐང་རྒེད་འོག་ པདྨ་ཆོས་གླིང་སྤྱི་འོག་ ཐིམ་ཕུག་ རོང་ཁག་ སོས་རྒེད་འོག་ འཇོམས་ཕུ་སྤྱི་འོག་ཚུ་གི་ རྒེད་འོག་ཚོགས་སྡེ་ཚོགས་པའི་ གོ་གནས་ཀྱི་དོན་ལུ་ དུས་མིན་ བཙག་འཐུའི་གྲུབ་འབྲས་འདི་ གསལ་བསྒྲགས་འབདཝ་ཨིན།

Read More

སྤྱི་ལོ་༢༠༡༩ ས་གནས་གཞུང་གི་རྒཔོ་དང་ རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་ཀྱི་ དུས་མིན་བཙག་འཐུ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༥༧༧ པ་དང་༥༧༩ དེ་ལས་ ས་གནས་གཞུང་གི་བཅའ་ཁྲིམས་ ༢༠༠༩ ཅན་མའི་ དོན་ཚན་ ༣༣ པ་དང་ ༣༤ པ་ཚུ་དང་འཁྲིལ་ བཀྲིས་གཡང་རྩེ་རོང་ཁག་ འབུམ་སྡེ་གླིང་གི་རྒེད་འོག་གི་རྒཔོ་དང་ གསར་སྤང་རོང་ཁག་ རྟ་རས་ཐང་རྒེད་འོག་ པདྨ་ཆོས་ གླིང་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པ་གཉིས་ གོ་གནས་ལས་ཕྱིར་བཤུད་འབད་དེ་ ས་སོང་འཐོན་ཡོདཔ་དང་། བཀྲིས་གཡང་རྩེ་རོང་ཁག་ འབུམ་སྡེ་གླིང་རྒེད་འོག་ བེ་རྩ་མང་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པ་ ཐིམ་ཕུག་ རོང་ཁག་ སོས་རྒེད་འོག་ འཇོམས་ཕུ་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པ་གཉིས་ གཟུགས་ཁམས་ཡུན་འགྱངས་ འབད་ མ་བདེ་བའི་དཀའ་ངལ་ལུ་བརྟེན་གོ་གནས་དགོངས་ཞུ་ཡོདཔ་དང་། ཧཱ་རོང་ཁག་ དགའ་སྐྱིད་གླིང་རྒེད་འོག་ རྡོ་རི་མཐའ་ས་-ཀོཝ་ཁ་-ཡང་རྩེ་ སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པ་ གོ་གནས་ལས་དགོངས་ཞུ་འབདཝ་ལས་བརྟེན་ གོང་འཁོད་ཀྱི་གོ་གནས་ཚུའི་དོན་ལུ་ དུས་མིན་བཙག་འཐུའི་གསལ་ བསྒྲགས་འབདཝ་ཨིན།  

Read More

རྒཔོ་དང་ རྒེད་འོག་ཚོགས་སྡེའི་ཚོགས་པའི་ དུས་མིན་བཙག་འཐུའི་ གྲུབ་འབྲས་གསལ་བསྒྲགས།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨་ཅན་མའི་ དོན་ཚན་༤༥༧་དང་འཁྲིལ་ ཐིམ་ཕུག་རོང་ཁག་ ལྕང་རྒེད་འོག་གི་ རྒཔོ་དང་ བཀྲིས་གཡང་རྩེ་རོང་ཁག་ ང་ལི་མང་-ཕན་སྟེང་སྤྱི་འོག་དང་ བསམ་གྲུབ་ལྗོངས་ཁར་རོང་ཁག་ ནར་ཕུང་སྤྱི་འོག་ གསར་སྤང་རོང་ཁག་ པདྨ་འོད་གླིང་སྤྱི་འོག་ཚུ་གི་ རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་ཀྱི་དོན་ལུ་ དུས་མིན་བཙག་འཐུའི་ གྲུབ་འབྲས་འདི་གསལ་བསྒྲགས་འབདཝ་ཨིན། གསལ་བསྒྲགས། གྲུབ་འབྲས།

Read More

རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་ཀྱི་དུས་མིན་བཙག་འཐུ་དང་ ས་སོང་ཞུགས་ཡོད་པའི་འདེམས་ཁོངས་ཀྱི་བཙག་ འཐུའི་གྲུབ་འབྲས་གསལ་བསྒྲགས།

༉འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༤༥༧ པ་དང་འཁྲིལ་རྩི་རང་རོང་ཁག་འོག་གི་ དོམ་གསུམ་སྤྱི་འོག་གི་རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་ཀྱི་དུས་མིན་བཙག་ འཐུ་དང་ བསམ་གྲུབ་ལྗོངས་མཁར་རོང་ཁག་འོག་གི་ མཚོ་ཐང་སྤྱི་འོག་དང་ ཐིམ་ཕུག་རོང་ཁག་འོག་གི་ ཝང་འབྲོག་སྤྱི་ འོག་གི་འདེམས་ཁོངས་གཉིས་ནང་ ས་གནས་གཞུང་གི་བཙག་འཐུའི་སྐབས་ ས་སོང་ལུས་ཡོད་མི་ཚོགས་པའི་གོ་གནས་ཚུ་གི་ བཙག་འཐུའི་ གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན།

Read More

ཆུ་ཁ་རྫོང་ཁག་ བྱག་ཕྱོགས་རྒེད་འོག་ ཝང་ཁ་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ༌ཚོགས་པའི་གོ་གནས་ལུ་ དུས་མིན་བཙག་འཐུའི་གྲུབ་འབྲས་གསལ་སྟོན།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༤༥༧ པའི་དགོངས་དོན་དང་འཁྲིལ་ སྤྱི་ཚེས་༡-༡-༢༠༡༩ ལུ་ ཆུ་ཁ་རྫོང་ཁག་ བྱགས་ཕྱོགས་རྒེད་འོག་ ཝང་ཁ་སྤྱི་འོག་གི་རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་ལུ་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་སྐབས་ མི་ངོམ་རྡོ་རྗེ་རྒྱལ་མཚན་ ཝང་ཁ་སྤྱི་འོག་གི་རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་ལུ་ བཙག་འཐུ་གྲུབ་ཡོད་ལུགས་ མི་མང་ཡོངས༌ལུ་བརྡ་འཕྲིན་སྤེལཝ་ཨིན། ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཡོངས༌བསྡོམས་༡༩༦ ཡོད་ས་ལས་ ཚོགས་རྒྱན་བཙུགས་མི་བསྡོམས་༣༧ གྱིས་ཚོགས་རྒྱན་སྐྱུར་ཏེ་ བརྒྱ༌དཔྱ༌༡༨.༩% འོང་ཡོདཔ་ཨིན། ཚོགས་རྒྱན་བཙུགས་མི༌བསྡོམས༌༣༧ གྱིས་སྤྱི་འོག་གི་ཚོགས་རྒྱན་ས་ཁོངས་ནང་ལས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ མི་ངོམ་སྦེ་ ཚོགས་རྒྱན་སྐྱུར་ཡོད༌པའི༌ཁར་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཕུད་རྡོག་ཅིག་ཡང་མིན་འདུག། འཐུས་མི་བཙག་འཐུ་གྲུབ་ཡོད་མི་དེ་གིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༥༨༠ པ་དང་འཁྲིལ་ཏེ་ བློ་འབུར་གྱི་ས་སྟོང་བསུབ་ནིའི་དོན་ལུ་ ཧེ་མའི་འཐུས་མི་གིས་ཕྱག་ཞུ་ཡོད་པའི་ ལྷག་ལུས་ཀྱི་གནས་ཡུན་རྐྱངམ་ཅིག་ཕྱག་ཞུ་དགོཔ་ཨིན། མི་མང་ཡོངས་ལུ་ བཙག་འཐུའི་བཤེར་ཡིག་བཙུགས་ནི་དུས་ཚོད་དེ་ སྤྱི་ཚེས་༢-༡-༢༠༡༩ ལས་ འགོ་བཟུང་ སྤྱི་ཚེས་༡༧-༡-༢༠༡༩ གི་ ཕྱི་རུའི་ཆུ་ཚོད་༤ ལུ་ མཇུག་བསྡུ་ནི་ཨིན་པའི་སྙན་ཞུ་འབདཝ་ཨིན། རང་ལུགས་གནམ་ལོ་ས་ཕོ་ཁྱི་ལོ་ ཟླ་༡༡ པའི་ཚེས་༢༧ ནམ་ སྤྱི་ཚེས་ ༢-༡-༢༠༡༩ ལུ། འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Read More

བཀྲིས་སྒང་རོང་ཁག་ བསམ་མཁར་རྒེད་འོག་གི་རྒཔོ་དང་ སྤུ་ན་ཁ་རོང་ཁག་ གུ་མ་-ཝོ་ལ་ཁ་སྤྱི་ འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་ལུ་ དུས་མིན་བཙག་འཐུའི་གྲུབ་འབྲས་གསལ་སོན།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༤༥༧ པའི་དགོངས་དོན་དང་འཁྲིལ་ སྤྱི་ཚེས་༣-༡༢-༢༠༡༨ ལུ་ བཀྲིས་སྒང་རོང་ཁག་ བསམ་མཁར་རྒེད་འོག་ གི་རྒཔོ་དང་ སྤུ་ན་ཁ་རོང་ཁག་ གུ་མ་-ཝོ་ལ་ཁ་སྤྱི་འོག་གི་རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་ལུ་ དུས་མིན་ བཙག་འཐུ་འགོ་འདྲེན་འཐབ་སྐབས་ མི་ངོམ་འཇམ་དབྱངས་དང་ མི་ངོམ་བཙན་སྐྱོགས་དབང་མོ་ བསམ་མཁར་ རྒེད་འོག་གི་རྒཔོ་དང་ གུ་མ་-ཝོ་ལ་ཁ་སྤྱི་འོག་གི་རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་ལུ་ བཙག་འཐུ་གྲུབ་ ཡོདཔ་བཞིན་དུ་ མི་མང་ཡོངས་ལུ་བརྡ་འཕྲིན་སྤེལཝ་ཨིན། ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཡོངས་བསོམས་༤༢༤༢ ཡོད་ས་ལས་ ཚོགས་རྒྱན་བཙུགས་མི་བསོམས་ ༡༧༩༢ ཀྱིས་ཚོགས་རྒྱན་སྐྱུར་ཏེ་ བརྒྱ་དཔྱ་༤༢.༢༤% འོང་ཡོདཔ་ཨིན། ཚོགས་རྒྱན་བཙུགས་མི་བསོམས་༩༤༥ གིས་སྤྱི་འོག་གི་ཚོགས་རྒྱན་ས་ཁོངས་ནང་ལས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ མི་ངོམ་སྦེ་ ཚོགས་རྒྱན་སྐྱུར་ ཡོད་པའི་ཁར་ ཚོགས་རྒྱན་སྐྱུར་མི་༨༤༧ གྱིས་འགྲེམ་ཐོག་ཚོགས་རྒྱན་སྐྱུར་ཡོདཔ་ཨིན། འཐུས་མི་བཙག་འཐུ་གྲུབ་ཡོད་མི་འདི་གིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༥༨༠ པ་དང་འཁྲིལ་ཏེ་ བོ་འབུར་གྱི་ས་སོང་བསུབ་ནིའི་དོན་ལུ་ ཧེ་མའི་འཐུས་མི་གིས་ཕྱག་ཞུ་ཡོད་པའི་ ལྷག་ ལུས་ཀྱི་གནས་ཡུན་རྐྱངམ་ཅིག་ཕྱག་ཞུ་ནི་ཨིན། མི་མང་ཡོངས་ལུ་ བཙག་འཐུའི་བཤེར་ཡིག་བཙུགས་ནི་དུས་ཚོད་འདི་ སྤྱི་ཚེས་ ༤-༡༢-༢༠༡༨ ལས་འགོ་བཟུང་ སྟེ་ སྤྱི་ཚེས་ ༡༨-༡༢-༢༠༡༨

Read More

བཀྲིས་སྒང་རོང་ཁག་ བསམ་མཁར་རྒེད་འོག་གི་རྒཔོ་དང་ སྤུ་ན་ཁ་རོང་ཁག་ གུ་མ་-ཝོ་ལ་ཁ་སྤྱི་འོག་གི་རྒེད་འོག་ ཚོགས་སྡེ་ཚོགས་པའི་གོ་གནས་ཀྱི་དུས་མིན་བཙག་འཐུ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༥༧༧ དང་ ༥༧༩ པ་ དེ་ལས་ ས་གནས་གཞུང་གི་བཅའ་ཁྲིམས་ ༢༠༠༩ ཅན་མའི་དོན་ཚན་ ༣༣ དང་ ༣༤ པ་ཚུ་དང་འཁྲིལ་ བཀྲིས་སྒང་རོང་ཁག་ བསམ་མཁར་རྒེད་འོག་གི་རྒཔོ་དང་ སྤུ་ན་ཁ་རོང་ཁག་ གུ་མ་-ཝོ་ ལ་ཁ་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་གུ་ཡོད་མི་ཚུ་ ཚེ་འདས་སོང་ཡོད་ནི་དེ་གིས་ ས་སོང་ ཞུགས་ཡོདཔ་ལས་བརྟེན་ དུས་མིན་བཙག་འཐུའི་གསལ་བསྒྲགས་འབདཝ་ཨིན།

Read More

སྤྱི་ཚོགས་ཀྱི་བཙག་འཐུ་གསུམ་པ་ ༢༠༡༨ རྒྱལ་ཡོངས་ཚོགས་འདུའི་སྤྱིར་བཏང་བཙག་འཐུའི་ གྲུབ་འབྲས་གསལ་བསྒྲགས།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་དེ་ཡང་ འབྲུག་གི་བཙག་འཐུའི་བཅའ་ ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༤༤༣ པ་དང་འཁྲིལ་ རྒྱལ་རབས་དང་ལྡན་པའི་ སྤྱི་ཚོགས་ཀྱི་བཙག་འཐུ་ གསུམ་པའི་ ༢༠༡༨ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་གི་ ཚོགས་རྒྱན་ཉིནམ་ སྤྱི་ཚེས་ ༡༨-༩-༢༠༡༨ སྐབས་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ཁོངས་ ༤༧ ལས་ བཙག་འཐུ་གྲུབ་པའི་ འདེམས་ངོའི་མིང་གསལ་ཚུ་ གུས་ཞབས་ཀྱི་སྒོ་ལས་ འབྲུག་མི་ཡོངས་ཀྱི་བརྡ་དོན་ལུ་ གསལ་བསྒྲགས་གཤམ་འཁོད་ལྟར་ཞུཝ་ཨིན།    

Read More

རྒྱལ་ཡོངས་ཚོགས་འདུའི་འགོ་ཐོག་བཙག་འཐུ་གི་གྲུབ་འབྲས་གསལ་བསྒྲགས་ ༢༠༡༨།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་མི་ཡོངས་ལུ་གུས་ཞབས་ཀྱི་ཐོག་ལས་ཞུ་དོན་དེ་ཡང་འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༤༤༢ པ་དང་འཁྲིལ་ རྒྱལ་ཡོངས་ཚོགས་ འདུའི་བཙག་འཐུ་ ༢༠༡༨ ཀྱི་ འགོ་ཐོག་བཙག་འཐུ་གི་ཚོགས་རྒྱན་འདི་ སྤྱི་ཚེས་ ༡༥-༩-༢༠༡༨ ལུ་འགོ་འདྲེན་འཐབ་ཡོད་པའི་གྲུབ་འབྲས་གསལ་བསྒྲགས་འབད་ནི་ལུ་ སྐལ་བ་བཟང་ཡི་ཟེར་ཞུ་ནི།

Read More

སྤྱི་ཚོགས་གསུམ་པའི་བཙག་འཐུ་ ༢༠༡༨ རྒྱལ་ཡོངས་ཚོགས་འདུ། དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོའི་མངའ་འོག།

༉ དཔལ་མི་དབང་མངའ་བདག་རིན་པོ་ཆེའི་ ༧ ཞབས་ལས་ སྤྱི་ཚེས་ ༡༧-༨-༢༠༡༨ ལུ་ འབྲུག་གི་སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ བཀའ་ཐམ་གསེར་གྱི་བདུད་རྩི་ སྤྱི་བོར་ཕེབས་མི་འདི་ སྒོ་ ༣ གུས་པ་ཆེན་པོའི་སྒོ་ལས་ ཕྱག་ཕྱིད་ཞུ་ཐབས་ལུ་དང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དགོངས་དོན་དང་འཁྲིལ་ སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་འདུ་གི་བཙག་འཐུ་ ༢༠༡༨ དང་འབྲེལ་བའི་ འདེམས་ཁོངས་ དོ་འགྲན་ཁས་ལེན་ཡི་གུ་ འདེམས་ངོའི་གདམ་ངོ་བཏོན་ནི་ བཙག་འཐུའི་ཐོ་ཡིག་ ཚོགས་རྒྱན་འཕྲུལ་ཆས་ ཚོགས་རྒྱན་ས་ཁོངས་ ཚོགས་རྒྱན་འགོ་དཔོན་ ཚོགས་རྒྱན་འཛིན་སྐྱོང་ བདེ་སྲུང་ དེ་ལས་ གཞན་དགོས་མཁོ་དང་ གྲ་སྒྲིག་ཚུ་དང་འབྲེལ་བའི་ཁ་གསལ་ གཤམ་འཁོད་ལྟར་དུ་ མི་མང་ཡོངས་ལུ་ བརྡ་འཕྲིན་སྤེལཝ་ཨིན།

Read More

སྤྱི་ཚོགས་གསུམ་པ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ ༢༠༡༨ ཅན་མའི་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་ མི་མང་གིས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་འགག་ཆ་བཀོད་ནི་ཟིན་བྲིས་གསར་སྟོན།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ མི་དམངས་ཡོངས་ལུ་ཞུ་དོན་དེ་ཡང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༡༡༢ དེ་ལས་ ༡༡༣ པའི་ཆ་མཐུན་དང་ འབྲུག་གི་འགྲེམ་ཐོག་རྒྱན་ཤོག་ བཅའ་ཡིག་དང་སྒྲིགས་གཞི་༢༠༡༨ ཅན་མའི་དོན་ཚན་ ༤.༡ པ་དང་འཁྲིལ་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་འདི་ མི་དམངས་ཀྱིས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་དགག་ཆ་བཀོད་ནི་གི་དོན་ལུ་ གསར་སྟོན་གྱི་བརྡ་འཕྲིན་སྤེལཝ་ཨིན། བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་འདི་ འབྲེལ་ཡོད་རྫོང་ཁག་བཙག་འཐུའི་ཡིག་ཚང་དང་ ཐིམ་ཕུག་ཀ་ཝང་བྱང་ས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བ་ (དམངས་གཙོའི་ཁང་བཟང་) ཡང་ན་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ www.ecb.bt ནང་གཟིགས་ཚུགས། ཁྱད་ཡོན་ལྡན་པའི་ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱིས་རང་ ཁྱོད་རང་བཙག་འཐུའི་ཐོ་ཡིག་ནང་ཚུད་ཡོད་མེད་དང་ ཁ་གསལ་ཚུ་མ་འཛོལ་བར་ ངེས་བདེན་བཀོད་དེ་ཡོད་མེད་ལུ་ བདེན་དཔྱད་འབད་གནང་དགོ་པའི་མགྲོན་བརྡ་ཞུཝ་ཨིན། ཐོབ་བརྗོད་ཟེར་མི་འདི་ བཙག་འཐུའི་ཐོ་ཡིག་ནང་བཀོད་ནི་ལུ་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ནོར་བ་འབད་བཀོད་དེ་ཡོད་མི་ཚུ་དག་བཅོས་འབད་ནི་དང་ ཡང་ན་ ག་འབད་རུང་ཅིག་གི་བརྡ་དོན་ཁ་གསལ་མ་ཚུད་པར་ཡོད་མི་ཚུ་ལུ་སླབ་ཨིན) དེ་ལས་ /ཡང་ན་ དགག་ཆ་ཟེར་མི་འདི་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ག་འབད་རུང་རང་དང་འབྲེལ་བ་མེད་པའི་གནད་དོན་རེ་ཡོད་པ་ཅིན་དེ་ལུ་ དགག་ཆ་བཀོད་ནི་ལུ་སླབ་ཨིན) གལ་སྲིད་ འདི་བཟུམ་ཚུ་ ཡོད་དེ་འབད་བ་ཅིན་ སྤྱི་ལོ་༢༠༡༨ སྤྱི་ཟླ་

Read More

སྤུ་ན་ཁ་རྫང་ཁག་ ཆུ་སྦུག་རྒེད་འག་ བྱང་བ་ཁ་-སེའུ་ལ་སྤྱི་འག་གི་ རྒེད་འག་ཚགས་ སྡེ་ཚགས་པའི་ དུས་མིན་བཙག་འཐུའི་གྲུབ་འབྲས་གསལ་སྟན།

༉ འབྲུག་གི་བཙག་འཐུ་ལྷན་ཚགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དན་ཚན་ ༤༥༧ པའི་དགོངས་དན་དང་འཁྲིལ་ སྤྱི་ཚེས་ ༢༡-༦-༢༠༡༨ ལུ་ བྱང་བ་ཁ་-སེའུ་ལ་སྤྱི་འག་གི་ རྒེད་འག་ ཚགས་སྡེ་ཚགས་པའི་གོ་གནས་ལུ་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་སྐབས་ མི་ངོམ་ རྩ་རྒྱས་ བཙག་འཐུ་ གྲུབ་ཡད་པའི་སྐོར་ མི་མང་ཡངས་ལུ་བརྡ་འཕྲིན་སྤེལཝ་ཨིན། ཐ་བཀོད་གྲུབ་པའི་ཚགས་རྒྱན་སྐྱུར་མི་ཡངས་བསྡམས་ ༣༦༩ ཡད་ས་ལས་ ཚགས་རྒྱན་བཙུགས་མི་བསྡམས་ ༡༥༡ ཚགས་རྒྱན་སྐྱུར་ཏེ་ བརྒྱ་དཔྱ་ ༤༠.༩༢% འང་ཡདཔ་ཨིན། ཚགས་རྒྱན་བཙུགས་མི་བསྡམས་ ༡༣༩ སྤྱི་ འག་གི་ཚགས་རྒྱན་ས་ཁོངས་ནང་ལས་ ཚགས་རྒྱན་འཕྲུལ་ཆས་ཐག་ མི་ངོམ་སྦེ་ ཚགས་རྒྱན་སྐྱུར་ཡད་པའི་ཁར་ ཚགས་རྒྱན་སྐྱུར་མི་ ༡༢ ཀྱིས་འགྲེམ་ཐག་ཚགས་རྒྱན་སྐྱུར་ཡདཔ་ཨིན། འཐུས་མི་བཙག་འཐུ་གྲུབ་ཡད་མི་འདི་གིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དན་ཚན་ ༥༨༠ པ་དང་འཁྲིལ་ཏེ་ བླ་འབུར་གྱི་ས་སྟང་བསུབ་ནིའི་དན་ལུ་ ཧེ་མའི་འཐུས་མི་གིས་ཕྱག་ཞུ་ཡད་པའི་ ལྷག་ ལུས་ཀྱི་གནས་ཡུན་རྐྱངམ་ཅིག་ཕྱག་ཕྱིད་ཞུ་ནི་ཨིན། མི་མང་ཡངས་ལུ་ བཙག་འཐུའི་བཤེར་ཡིག་བཙུགས་ནི་དུས་ཚད་འདི་ སྤྱི་ཚེས་ ༢༢-༦-༢༠༡༨ ལས་འགོ་བཟུང་སྟེ་ སྤྱི་ཚེས་ ༥-༧-༢༠༡༨

Read More

གནད་དོན࿒ སྤྱི་ལ་༢༠༡༨ ོ ཀྱི་འབྲུག་གི་སྤྱི་ཚགས་ཐེངས་༣ ོ པའི་རྒྱལ་ཡངས་ཚ ོ གས་སྡེ་གི་གྲུབ་འབྲས་གསལ་སྟ ོ ན། ོ

བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༤༤༤ པའི་དགོངས་དོན་དང་འཁྲིལ་ རྒྱལ་ཡོངས་ཚོགས་སྡེ་༢༠༡༨ ཀྱི་བཙག་འཐུའི་གྲུབ་འབྲས་གསལ་སྟོན་འབདཝ་ཨིན།

Read More

འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྫོང་ཁག་ ༢༠ ནང་ལུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ནང་ མི་དམངས་ལུ་ སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༤ པའི་སྤྱི་ཚེས་ ༡༢,༡༣ དང་ ༡༤ ལུ་ སྤྱིར་བཏང་མི་དམངས་ལུ་ ལག་ལེན་ནང་བཙུགས་ནིའི་ བརྡ་སྤྲོད་འབདཝཨིན། འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་སྦེ་ཐོ་བཀོད་ཚུད་མི་མི་ངོམ་ཚུ་གིས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ནང་ ཐོ་བཀོད་འབད་བའི་སྐབས་ རང་གི་གདམ་ཁ་རྐྱབ་ཡོད་པའི་ས་གནས་ཁར་ གོང་འཁོད་སྤྱི་ཚེས་ནང་འབྱོན་གནང་། ཆུ་ཚོད་འཁོར་ལོ་ཀ་ཆེན་ ནོར་འཛིན་ལམ་ ཟེར་གདམ་ཁ་རྐྱབ་ཡོད་མི་ཚུ་གི་ཐུགས་ལུ་གནམ་དགོཔ་འདི་ཡང་ ས་སྒོ་འདི་ ཆུ་ཚོད་འཁོར་ལོ་ཀ་ཆེན་རྩ་བར་ལས་ ལྕང་གླིང་མའི་ཐང་གི་སྣུམ་འཁོར་བཞག་སའི་ས་ཁོངས་ནང་༼བརྒྱ་འཁོར་ཨ་ལོའི་གླིང་ག་སྦོ་ལོགས་ཁར༽ སྤོ་སོར་འབད་དེ་ཡོདཔ་ཨིན། འདི་དང་འདྲཝ་འབད་ ཕུན་ཚོགས་གླིང་འབྲིང་རིམ་བར་མའི་སློབ་གྲྭ་ནང་ཚོགས་རྒྱན་བསྐྱུར་ནི་འབད་ཐོ་བཀོད་ཚུད་མི་ཚུ་གི ཐུགས་ལུ་གནམ་དགོཔ་འདི་ཡང་ ཐོ་བཀོད་ནང་ཚུད་ཡོད་པའི་འགྲེམ་ཐོག་ཚོགས་རྒྱན་བསྐྱུར་མི་ཨམ་སྲུ་ཚུ་གི་ རང་སོའི་འགྲེམ་ཐོག་ཚོགས་རྒྱན་བཙུགས་པར་ ཕུན་ཚོགས་གླིང་འབྲིང་རིམ་བར་མའི་སློབ་གྲྭ་ནང་་འོང་དགོཔ་དང་ ཐོ་བཀོད་ནང་ཚུད་ཡོད་པའི་འགྲེམ་ཐོག་ཚོགས་རྒྱན་བསྐྱུར་མི་ཕོ་སྐྱེས་ཚུ་གིས་ རང་སོའི་འགྲེམ་ཐོག་ཚོགས་རྒྱན་བཙུགས་པའི་ས་ཁོངསའདི་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ཨིན། ཁ་སྐོང་བརྡ་དོན་གྱི་དོན་ལས་ pb.ecb.bt ཡང་ན་ སྤྱོད་ཁྲལ་དགོངས་ཡངས་ཀྱི་ ཨང་ ༢༠༠༨ ནང་འབྲེལ་བ་འཐབ་གནང་། འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Read More

སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་སྡེ་བཙག་འཐུ་ ༢༠༡༨ ཀྱི་བཙག་འཐུའི་ཐོ་ཡིག་མཐའ་དཔྱད་གསར་སྟོན།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བརྡ་འཕྲིན་ཨང་ ཨི་སི་བི་/བརྡ་འཕྲིན་-༠༡/༢༠༡༨/༤༤༨༩ སྤྱི་ཚེས་༡༦-༢-༢༠༡༨ དང་འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༣༤ ཅན་མ་ཚུ་དང་འཁྲིལ་སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་སྡེ་བཙག་འཐུ་ ༢༠༡༨ ཀྱི་བཙག་འཐུའི་ཐོ་ཡིག་མཐའ་དཔྱད་འདི་གསར་སྟོན་འབདཝ་ཨིན། བཙག་འཐུའི་ཐོ་ཡིག་མཐའ་དཔྱད་འདི་ སྤྱི་ཚེས་༡༥-༢-༢༠༡༨ ལས་ ༢༥-༢-༢༠༡༨ ཚུན་གྱི་དུས་ཡུན་རིང་ལུ་ རྫོང་ཁག་ཚུ་ལས་ “ཐོབ་བརྗོད་དང་ དགག་ཆ་” བཀོད་དེ་ཡོད་མི་ཚུ་ མཉམ་བསྡབ་དང་བསྒྱུར་བཅོས་ཚུ་འབད་བའི་ཤུལ་ལུ་ རྒྱལ་ཡོངས་ཚོགས་སྡེ་བཙག་འཐུ་ ༢༠༡༨ ཀྱི་ཆ་བཞག་ཚེས་གྲངས་ སྤྱི་ཚེས་ ༠༡-༠༡-༢༠༡༨ ཚུན་ལུ་ ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་༤༣༢,༠༣༠ ཡོད་མི་ནང་ལས་ ཨམ་སྲུ་༢༢༠,༨༨༡ དང་ ཕོ་རྒས་༢༡༡,༡༤༩ ཨིན་མས། བཙག་འཐུའི་ཐོ་ཡིག་འདི་ རང་སོའི་རྫོང་ཁག་དང་འཁྲིལ་ ཁ་དབྱེ་སྟེ་གཤམ་འཁོད་ལྟར་དུ་ཡོད་མི་ཚུ་ཡང་ ཨང་ རྫོང་ཁག་ ཕོ་ ཕོ་བརྒྱ་དཔྱ་(%) མོ་ མོ་བརྒྱ་དཔྱ་(%) ཡོངས་བསྡོམས་ 1 བུམ་ཐང་། 4570 46.86% 5182 53.14% 9752 2 ཆུ་ཁ། 12291 49.83% 12373 50.17% 24664 3 དར་དཀར་ན། 12008 50.05% 11982 49.95% 23990 4 མགར་ས། 948 47.40% 1052 52.60% 2000 5 ཧཱ། 3625 47.34% 4033 52.66% 7658 6 ལྷུན་རྩེ། 7494 46.72% 8546 53.28% 16040 7 མོང་སྒར། 16373 48.04% 17709 51.96% 34082 8 སྤ་རོ། 8784 47.65% 9649 52.35% 18433 9 པདྨ་དགའ་ཚལ། 12432 48.53% 13187 51.47% 25619 10 སྤུངས་ཐང་ཁ། 7935 47.72% 8693 52.28% 16628 11 བསམ་གྲུབ་ལྗོངས་མཁར། 12270 48.26% 13154 51.74% 25424 12 བསམ་རྩེ། 24455 52.28% 22326 47.72% 46781 13 གསར་སྤང་། 14885 49.87% 14963 50.13% 29848 14 ཐིམ་ཕུག། 6720 47.09% 7552 52.91% 14272 15 བཀྲིས་སྒང་། 22726 48.37% 24257 51.63% 46983 16 བཀྲིས་གཡང་རྩེ། 8878 48.37% 9476 51.63% 18354 17 ཀྲོང་གསར། 4822 48.06% 5212 51.94% 10034 18 རྩི་རང་། 11896 50.88% 11483 49.12% 23379 19 དབང་འདུས་ཕོ་བྲང་། 8961 45.50% 10732 54.50% 19693 20 གཞལ་སྒང་། 9076 49.34% 9320 50.66% 18396 ཡོངས་བསྡོམས་ 211149 48.87% 220881 51.13% 432030 རྒྱལ་ཁབ་ནང་གི་ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་ལས་ རྒྱལ་ཡོངས་ཚོགས་སྡེ་ ༢༠༡༨ བཙག་འཐུའི་དོན་ལུ་ འགྲེམ་ཐོག་རྒྱན་ཤོག་གི་ཚོགས་རྒྱན་སྐྱུར་མི ༨༨༩༡༥ གིས་ འགྲེམ་ཐོག་རྒྱན་ཤོག་གི་ཐོ་བཀོད་འབད་དེ་ཡོད། ཚོགས་རྒྱན་སྐྱུར་མི་ངོ་རྐྱང་རེ་རེ་བཞིན་གྱིས་ ཁོ་/མོ་རའི་ཚོགས་རྒྱན་ས་ཁོངས་སྐོར་ ཚོགས་རྒྱན་སྐྱུར་མིའི་ཐོ་བཀོད་གནས་རིམ་དང་ བརྡ་དོན་ཚུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ www.ecb.bt or access using the

Read More

སྲིད་དོན་ཚོགས་པ་ཅིག་ཨིན་པའི་ཐོ་བཀོད་ལུ་ཁྱད་ཚད་མེད།

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་བརྡ་འཕྲིན་སྤེལ་ནི་འདི་ཡང་ སྤྱི་ཚེས་༩-༢-༢༠༡༨ ལུ་ འབྲུག་དགའ་སྐྱིད་ཚོགས་པ་ཟེར་བའི་ དང་འདོད་ཅན་གྱི་སྲིད་དོན་ཚོགས་པ་སྦེ་ ཐོ་བཀོད་འབད་ནི་ལུ་ ཞུ་ཡིག་འབྱོར་ཏེ་ཡོད་མི་དེ་ དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོ་དང་ བཙག་འཐུ་དང་འབྲེལ་བའི་ཁྲིམས་ལུགས་ཚུ་གི་དགོངས་དོན་ཚུ་ལས་ འགལ་བ་ཡོད་མེད་ཀྱི་བརྟག་ཞིབ་དང་ བསྐྱར་ཞིབ་ཀྱི་ལམ་ལུགས་དང་འཁྲིལ་འབད་ཡི། མཐའ་དཔྱད་ཀྱི་གྲོས་ཐག་མ་ཆོད་པའི་སྔ་གོང་ ཞུ་ཡིག་ཕུལ་མི་ལུ་ ཁ་གསལ་གྱི་བསམ་ལན་བཀོད་དགོཔ་མ་ཚད་ བསྐྱར་ཞིབ་ཀྱི་ཡིག་ཆ་ཚུ་ཕུལ་ནི་ལུ་ཡང་  དུས་ཚོད་ཀྱི་གོ་སྐབས་ཚུ་ ལངམ་སྦེ་རང་བྱིན་ཏེ་ཡོད། ཞུ་ཡིག་འདི་གི་ནང་དོན་དང་འཁྲིལཝ་དང་ དམིགས་བསལ་གྱི་ཚ་གྱང་ལང་དགོ་པའི་ གལ་གནད་ཅན་གྱི་རྣམ་པ་ཚུ་ཡང་ ༡.    འཐུས་མི་འགན་དབང་།   ཞུ་ཡིག་ཕུལ་མི་ཚོགས་པ་འདི་གིས་ ཐོ་བཀོད་གྲུབ་པའི་འཐུས་མི་༣༠༨ ཡོད་པའི་ མཐའ་དཔྱད་ཀྱི་ཐོ་ཅིག་ཕུལ་ཏེ་ཡོད་རུང་ མིང་གསལ་ལ་ལུ་ཅིག་ བཙག་འཐུའི་ཐོ་ཡིག་ནང་མེད་མི་ མིང་གསལ་ལ་ལུ་ཅིག་ ཆོས་སྒོར་ཞུགས་མི་གྲངས་སུ་བཀོད་དེ་ཡོད་མི་ དེ་ལས་ མིང་གསལ་ལྟར་དུ་མེད་མི་དང་ འདེམས་ཁོངས་ཀྱི་ནོར་བ་ཚུ་ཡོད་པའི་ ཚུལ་མཐུན་མེད་པའི་གནད་དོན་ཁག་ ༢༩ ཡོད་པའི་ཤེས་རྟོགས་བྱུང་ཡི།   ༢.    འོས་འབབ་ཅན་གྱི་འདེམས་ངོ།   མཐའ་དཔྱད་ཀྱི་ཐོ་ནང་ འོས་འབབ་ཅན་གྱི་འདེམས་ངོ་༢༥ ཡོད་མི་གི་གྲངས་ལས་ འདེམས་ངོ་གཉིསཔོ་དེ་ ཚོགས་པ་འདི་གི་ཐོ་བཀོད་གྲུབ་པའི་འཐུས་མི་གྲལ་ལུ་མེདཔ་དང་ གཅིགཔོ་དེ་ཕོའི་དབྱེ་བ་ཟེར་ཕུལ་ཡོད་རུང་ བཙག་འཐུའི་ཐོ་ཡིག་ནང་ མི་ངོ་སོ་སོ་མོ་ཅིག་གི་མིང་ཐོན་དོ་ཡོད་པའི་སྐོར་ ཞུ་བ་ཕུལ་མི་ཚོགས་པ་དེ་ལུ་བརྡ་དོན་འབད་དེ་ཡོད་རུང་ དག་བཅོས་ཀྱི་ཐོ་འདི་

Read More

བརྡ་འཕྲིན།

འབྲུག་སྤྱིར་དབང་ཚོགས་པ་(DCT)ཟེར་བའི་སྲིད་དོན་ཚོགས་པ་འདི་ཁོང་རའི་བློ་འདོད་དང་འཁྲིལ་ སྲིད་དོན་ཚོགས་པའི་ཐོ་དེབ་ལས་ཕྱིར་བཏོན་འབད་དགོ་པའི་ཞུ་བ་དང་འཁྲིལ་ འབྲུག་སྤྱིར་དབང་ཚོགས་པ་(DCT) འདི་ བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པའི་ཐོ་བཀོད་མ་ཡིག་ནང་ལས་བཏོན་ཡོད་པའི་བརྡ་འཕྲིན་མི་མང་ལུ་སྤེལཝ་ཨིན།   ཚོགས་པ་གཞི་བཙུགས་འབད་མི་ ཚོགས་པའི་འཐུས་མི་ མི་ངོམ་ ༡༥ གིས་མིང་རྟགས་ལག་བྲིས་དང་བཅས་ ཚོགས་པ་གིས་ཞུ་བ་ཕུལ་ཡོད་པའི་ཡིག་ཨང་ DCT/ECB/2018/Nilསྤྱི་ཚེས་ ༢༠-༠༢-༢༠༡༨ ཅན་མ་དང་འཁྲིལ་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་ལིའུ་ ༡༦ པའི་དོན་ཚན་ ༡༤༧(ང)པ་དང་ ཚོགས་པའི་སྒྲིག་ཡིག་ ༢༠༠༨ ཅན་མའི་ལིའུ་ ༡༥༣ དང་བསྟུན་ འབྲུག་སྤྱིར་དབང་ཚོགས་པ་(DCT)འདི་ བཙག་འཐུ་ལྷན་ཚོགས་ཀྱི་ཐོ་བཀོད་མ་ཡིག་ནང་ལས་ཕྱིར་་བཏོན་འབད་ཡོད།   བརྡ་འཕྲིན་དེ་ ད་རིས་ རང་ལུགས་གནམ་ལོ་ ས་ཕོ་ཁྱི་ལོ་ རང་ཟླ་དང་པའི་ ཡར་ཚེས་ ༡༡ དང་ སྤྱི་ཚེས་༢༦-༠༢-༢༠༡༨ ལུ་ དམངས་གཙོའི་ཁང་བཟང་ལས་སྤེལཝ་ཨིན། སྲིད་དོན་ཚོགས་པའི་ ཐོ་བཀོད་དབང་འཛིན་པ།

Read More

སྤྱི་ཚོགས་ཐེངས་གསུམ་པའི་བཙག་འཐུ་༢༠༡༨ རྒྱལ་ཡོངས་ཚོགས་སྡེ། འབྲུག་གི་རྩ་ཁྲིམས་ཆེན་མོ་ལྟར་དུ།

༉ སྨོན་ལྗོངས་སྐྱེ་འགྲོའི་གཙུག་རྒྱན་དམ་པ་ ༧དཔལ་མི་དབང་མངའ་བདག་རིན་པོ་ཆེའི་གསེར་ཁྲི་ཆེན་མོའི་ཞབས་ ལས་ སྤྱི་ཚེས་༡༥-༢-༢༠༡༨ ལུ་གནང་བའི་ འབྲུག་གི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ འགོ་བཙུགས་དགོ་ པའི་བཀའ་ཐམ་ཆེན་མོ་ལུ་ སྒོ་གསུམ་གུས་པ་ཆེན་པོའི་ཐོག་ལས་དང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་ མའི་དོན་ཚན་ ༡༩༡ པ་དང་འཁྲིལ་ སྤྱི་ཚོགས་ཐེངས་གསུམ་པའི་བཙག་འཐུ་༢༠༡༨ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུའི་ ལས་འཆར་ འབྲེལ་ཡོད་འདེམས་ཁོངས་ཚུ་གི་ཁ་གསལ་ ཚོགས་རྒྱན་ས་ཁོངས་ བཙག་འཐུའི་འགོ་དཔོན་ཚུ་ འདེམས་ངོའི་གདམ་ངོ་བཏོན་ཐངས་ ཚོགས་རྒྱན་གྱི་འཛིན་སྐྱོང་འཐབ་ཐངས་ བཙག་འཐུའི་ཐོ་ཡིག་ བདེ་སྲུང་ དེ་ལས་གཞན་ དགོས་མཁོ་ཅན་ཚུ་དང་གྲ་སྒྲིག་ཚུ་ གཤམ་འཁོད་ལྟར་དུ་ མི་མང་ཡོངས་ལུ་ བརྡ་འཕྲིན་སྤེལཝ་ཨིན་མི་འདི་ཡང་

Read More

རྒྱལ་ཡོངས་ཚོགས་སྡེ་ བཙག་འཐུ་ ༢༠༡༨ ཅན་མའི་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་ མི་མང་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་འགག་ཆ་བཀོད་ནི་ལུ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ མི་དམངས་ཡོངས་ལུ་ཞུ་དོན་དེ་ཡང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༡༡༢ པ་དང་ འབྲུག་གི་འགྲེམ་ཐོག་རྒྱན་ཤོག་ བཅའ་ཡིག་དང་སྒྲིགས་གཞི་༢༠༡༨ ཅན་མའི་དོན་ཚན་ ༤.༡ པ་དང་འཁྲིལ་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་འདི་ མི་དམངས་ཀྱིས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་དགག་ཆ་བཀོད་ནི་གི་དོན་ལུ་ གསར་སྟོན་འབདཝ་ཨིན། བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་འདི་ འབྲེལ་ཡོད་རྫོང་ཁག་བཙག་འཐུའི་ཡིག་ཚང་དང་ ཐིམ་ཕུག་ཀ་ཝང་བྱང་ས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བ་ (དམངས་གཙོའི་ཁང་བཟང་) ཡང་ན་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ www.ecb.bt ནང་གཟིགས་ཚུགས། ཁྱད་ཡོན་ལྡན་པའི་ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱིས་རང་ ཁྱོད་རང་བཙག་འཐུའི་ཐོ་ཡིག་ནང་ཚུད་ཡོདཔ་དང་ ཁ་གསལ་ཚུ་མ་འཛོལ་བར་ ངེས་བདེན་བཀོད་དེ་ཡོདཔ་ལུ་ བདེན་དཔྱད་འབད་གནང་དགོ་པའི་མགྲོན་བརྡ་ཞུཝ་ཨིན། ཐོབ་བརྗོད་ཟེར་མི་འདི་ བཙག་འཐུའི་ཐོ་ཡིག་ནང་བཀོད་ནི་ལུ་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ནོར་བ་འབད་བཀོད་དེ་ཡོད་མི་དང་ ཡང་ན་ ག་འབད་རུང་ཅིག་གི་བརྡ་དོན་ཁ་གསལ་མ་ཚུད་པར་ཡོད་མི་དེ་ དག་བཅོས་འབད་ནི་ལུ་སླབ་ཨིན) དེ་ལས་ /ཡང་ན་ དགག་ཆ་ཟེར་མི་འདི་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ག་འབད་རུང་ཅིག་འཛོལ་ཏེ་ཚུད་ཡོད་པ་ཅིན་དེ་་ལུ་ དགག་ཆ་བཀོད་ནི་ལུ་སླབ་ཨིན) གལ་སྲིད་ འདི་བཟུམ་ཚུ་ཡོད་དེ་འབད་བ་ཅིན་ སྤྱི་ལོ་༢༠༡༨ སྤྱི་ཟླ་ ༢ པའི་སྤྱི་ཚེས་༡༦

Read More

འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་འདེམས་ཁོངས་ཚུའི་མཐའ་དཔྱད་བཅད་མཚམས་བཀའ་རྒྱ་ ༢༠༡༧།

༉ དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༤ (༤) པའི་མངའ་འོག་གཞི་བཙུགས་གྲུབ་པའི་ འབྲུག་གི་བཅད་ མཚམས་ལྷན་ཚོགས་ཀྱིས་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ འདེམས་ཁོངས་ཚུའི་མཐའ་དཔྱད་བཅད་མཚམས་བཀའ་རྒྱ་ ༢༠༡༧ ཅན་མ་འདི་ དགའ་སྤྲོ་དང་བཅས་པའི་ཐོག་ལས་ གསར་སྟོན་འབདཝ་ཨིན།

Read More

རྒེད་འོག་ཚོགས་སྡེ་ཚོགས་པའི་བཙག་འཐུ་དང་ འདེམས་ཁོངས་ལྷག་ལུས་ནང་ལུ་ རྒེད་འོག་ཚོགས་སྡེ་ཚོགས་པ་ རྫོང་ཁག་ཁྲོམ་སྡེ་ཚོགས་པ་དང་ ཁྲོམ་སྡེ་ངོ་ཚབ་ཚུའི་ དུས་མིན་བཙག་འཐུའི་གྲུབ་འབྲས་གསལ་བསྒྲགས།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༤༥༧ པ་དང་འཁྲིལ་ ས་གནས་གཞུང་གི་བཙག་འཐུའི་ འདེམས་ཁོངས་སྟོངམ་འབད་ལུས་མིའི་བཙག་འཐུ་དང་ རྒེད་འོག་ཚོགས་སྡེ་ཚོགས་པའི་ དུས་མིན་བཙག་འཐུའི་ གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན། དེ་ཡང་ ལྷུན་རྩེ་རྫོང་ཁག་མངའ་འོག་གི་ ཀུར་སྟོད་རྒེད་འོག་ དུང་དཀར་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པའི་ དུས་མིན་བཙག་འཐུ་དང་ ཆུ་ཁ་རྫོང་ཁག་འོག་གི་ གད་སྟག་ན་རྒེད་འོག་ དར་ག་_ཚེ་སྦྱིས་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པ་དང་ ཆུ་ཁ་རྫོང་ཁག་འོག་གི་ ཕུན་ཚོགས་གླིང་ཁྲོམ་གྱི་ ཕུན་ཚོགས་གླིང་སྨད་ཀྱི་ རྫོང་ཁག་ཁྲོམ་སྡེ་ཚོགས་པ་དང་ སྤ་རོ་རྫོང་ཁག་གི་ ཁྲོམ་སྡེ་ངོ་ཚབ་ཚུའི་ བཙག་འཐུ་ཚུ་འགོ་འདྲེན་འཐབ་ཡོདཔ་ཨིན།   བཙག་འཐུ་གྲུབ་མི་འཐུས་མི་ཚུའི་ མིང་འདི་གཤམ་གསལ་ལྟར་ཨིན   ཨང་ མིང་ ངོས་འཛིན་འདྲ་པར་ཨང་ ཕོ་མོའི་དབྱེ་བ་ རྒེད་འོག་ འདེམས་ཁོངས་ ལྷུན་རྩེ། ༡ སངྱས་ཚེ་རིང་། ༡༠༦༠༤༠༠༢༠༦༧ ཕོ། ཀུར་སྟོད། དུང་དཀར། ཆུ་ཁ། ༢ ཆུང་ཀུ་ཟླ་བ། ༡༠༢༡༡༠༠༢༧༣༩ མོ། ཕུན་ཚོགས་གླིང་ཁྲོམ་སྡེ། ཕུན་ཚོགས་གླིང་སྨད། ༣ མཁའ་འགྲོ། ༡༠༢༠༨༠༠༠༦༧༢ ཕོ། གད་སྟག་ན། དར་ག་_ཚེ་སྦྱིས། སྤ་རོ། ༤ བདེ་སྐྱིད་ལྷ་མོ། ༡༠༨༠༩༠༠༠༠༦༠ མོ། རྫོང་ཁག་ཁྲོམ། རྫོང་ཁག་ཁྲོམ།   ཚོགས་རྒྱན་བཙུགས་མིའི་བརྒྱ་ཆ་དང་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་བཙུགས་མིའི་ཁ་གསལ་ཚུ་ གཤམ་གསལ་ལྟར་ཨིན།   ༼༡༽ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་བཙུགས་མི་བསྡོམས = ༩༨༦ ༼ཕོ་ ༥༠༠ དང་མོ ༤༨༦༽ ༼༢༽ ཚོགས་རྒྱན་སྐྱུར་ཡོད་པའི་བསྡོམས ༼འཕྲུལ་ཆས་ཐོག༽= ༢༥༧༼ཕོ་ ༡༡༨ དང་མོ་ ༡༣༩༽ ༡- ཚོགས་རྒྱན་འཕྲུལ་ཆས་ཐོག་ལུ་ = ༢༥༧ ༢- འགྲེམ་ཐོག་ཚོགས་རྒྱན་ཐོག་ལས་ =༢༥ ༼༣༽ ཚོགས་རྒྱན་སྐྱུར་མི་བརྒྱ་ཆ =

Read More

རྒེད་འོག་ཚོགས་སྡེ་ཚོགས་པའི་ གོ་གནས་ཀྱི་དུས་མིན་བཙག་འཐུ་དང་ ས་སྟོང་ཞུགས་ཡོད་པའི་འདེམས་ཁོངས་༣ ནང་ ས་གནས་གཞུང་གི་བཙག་འཐུ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༥༧༧, ༥༧༩ དང་ ༡༩༧ ཅན་མ་དང་འཁྲིལ་ ལྷུན་རྩེ་རྫོང་ཁག་མངའ་འོག་ ཀུར་སྟོད་རྒེད་འོག་གི་ དུང་དཀར་སྤྱི་འོའི་ ཚོགས་པ་ཚེ་འདས་སོང་ ཡོདཔ་ལས་བརྟེན་ རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་ཀྱི་དུས་མིན་བཙག་འཐུ་ དང་ ས་སྟོང་ཞུགས་ཡོད་པའི་འདེམས་ ཁོངས་༣ ནང་ ས་གནས་གཞུང་གི་བཙག་འཐུའི་བརྡ་འཕྲིན་སྤེལཝ་ཨིན། ས་སྟོང་ཞུགས་ཡོད་པའི་འདེམས་ཁོངས་ཚུ་ཡང་ ཆུ་ ཁ་རྫོང་ཁག་མངའ་འོག་གི དགེ་སྟག་ནང་རྒེད་འོག་ དར་དགའ་ཚེ་སྦྱིས་སྤྱི་འོག་ དེ་ལས་ ཕུན་ཚོགས་གླིང་ཁྲོམ་སྡེའི་ ཕུན་ཚོགས་གླིང་སྨད་འདེམས་ཁོངས་དང་ སྤ་རོ་རྫོང་ཁག་ཁྲོམ་སྡེའི་འདེམས་ཁོངས་ཚུ་ཨིན།  

Read More

ཀྲོང་གསར་རྫོང་ཁག་ གླང་མཐིལ་རྒེད ་འོག་འོག་གི་ གླང་མཐིལ་སྤྱི་འོག་ཚོགས་པའི་ དུས་མིན་བཙག་འཐུའི་ གྲུབ་འབྲས་གསལ་བསྒྲགས།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༤༥༧ པ་ དང་འཁྲིལ་ སྤྱི་ཚེས་ ༡༨/༨/༢༠༡༧ ལུ་ ཀྲོང་གསར ་རྫོང་ཁག་ གླང་མཐིལ་རྒེད་འོག་འོག་གི་ གླང་མཐིལ་སྤྱི་འོག་ཚོགས་ པའི་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ མི་ངོམ་ ཉི་མ་ བཙག་འཐུ་གྲུབ་ཡོད་པའི་སྐོར་ མི་མང་ཡོངས་ ལུ་བརྡ་འཕྲིན་སྤེལཝ་ཨིན།   ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས ༤༤༦ ཡོད་ས་ལས་ མི་གྲངས་ ༩༤ གིས་ ཚོགས་རྒྱན་སྐྱུར་ཏེ་ ཚོགས་རྒྱན་སྐྱུར་མི་བརྒྱ་ཆ་ ༢༡.༡% འོང་ཡོདཔ་ཨིན།   ཚོགས་རྒྱན་ཡོངས་བསྡོམས་ ༩༤ བཙུགས་ཡོད་མི་ཆ་མཉམ་ ཚོགས་རྒྱན་ས་ཁོངས་ནང་ མི་ངོ་བོ་འབད་འགྱོ་སྟེ་ ཚོགས་རྒྱན་འཕྲུལ་ཆས་ཐོག་བཙུགས་ཏེ་ཡོདཔ་དང་ འགྲེམ་ཐོག་རྒྱན་ཤོག་ཐོག་ ཚོགས་རྒྱན་བཙུགས་མི་གཅིག་ཡང་མ་ཐོན་པས་ཟེར་ཞུ་ནི་ཨིན།   བཙག་འཐུ་གྲུབ་ཡོད་མི་འཐུས་མི་འདི་གིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༥༨༠ ཅན་མ་དང་འཁྲིལ་ཏེ་ ཧེ་མའི་འཐུས་མི་གིས་ ཕྱག་ཕྱིད་ཞུ་ཡོད་པའི་ ལྷག་ལུས་ཀྱི་གནས་ཡུན་ རྐྱངམ་ཅིག་ ཕྱག་ཕྱིད་ཞུ་ནི་ཨིན།   མི་མང་ཡོངས་ལུ་ བཙག་འཐུའི་བཤེར་ཡིག་བཙུགས་ནིའི་དུས་ཚོད ་འདི་ སྤྱི་ཚེས་ ༡༩/༨/༢༠༡༧ ལས་འགོ་བཙུགས་ཏེ་

Read More

ཀྲོང་གསར་རྫོང་ཁག་ གླང་མཐིལ་རྒེད་འོག་ གླང་མཐིལ་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་ཀྱི་དུས་མིན་ བཙག་འཐུ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༥༧༧ དང་ ༥༧༩ དེ་ལས་ ས་གནས་གཞུང་གི་བཅའ་ཁྲིམས་༢༠༠༩ ཅན་མའི་དོན་ཚན་༣༣ དང་ ༣༤ ཚུའི་རྗེས་མཐུན་ལུ་ ཀྲོང་གསར་ རྫོང་ཁག་ གླང་མཐིལ་རྒེད་འོག་གི་ གླང་མཐིལ་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་འདི་ ས་སྟོང་ཞུགས་ཡོད་མི་ལས་བརྟེན་ དུས་མིན་བཙག་འཐུའི་གསལ་བསྒྲགས་འབདཝ་ཨིན།

Read More

འདེམས་ཁོངས་ལྷག་ལུས་ ༦༠ འི་ནང་ལུ་ ས་གནས་གཞུང་གི་བཙག་འཐུ་དང་ ཐིམ་ཕུག་རྫོང་ཁག་ སྲོས་རྒེད་འོག་གི་ རྡོ་བཟོ་བཏོན་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པའི་ དུས་མིན་བཙག་འཐུའི་གྲུབ་འབྲས་གསལ་བསྒྲགས།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༤༥༧ པ་དང་འཁྲིལ་ ས་གནས་གཞུང་གི་བཙག་འཐུའི་ འདེམས་ཁོངས་སྟོངམ་འབད་ལུས་མིའི་བཙག་འཐུ་དང་ རྒེད་འོག་ཚོགས་སྡེ་ཚོགས་པའི་ དུས་མིན་བཙག་འཐུའི་ གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན།    

Read More

འདེམས་ཁོངས་ལྷག་ལུས་ ༦༠ འི་ནང་ལུ་ ས་གནས་གཞུང་གི་བཙག་འཐུ་དང་ ཐིམ་ཕུག་རོང་ཁག་ སོས་རྒེད་འོག་གི་ རྡོ་བཟོ་བཏོན་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པའི་ དུས་མིན་བཙག་འཐུ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ཅན་མའི་དོན་ཚན་ ༡༩༧ པ་ དང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ཏེ་ འདེམས་ཁོངས་ལྷག་ལུས་ ༦༠ འི་ནང་ལུ་ ས་གནས་ གཞུང་གི་བཙག་འཐུ་དང་ ཐིམ་ཕུག་རོང་ཁག་ སོས་རྒེད་འོག་གི་ རྡོ་བཟོ་སོན་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པའི དུས་མིན་བཙག་འཐུ་འགོ་འདྲེན་འཐབ་ནི་འབད་བརྡ་འཕྲིན་སྤེལཝ་ཨིན། འདེམས་ཁོངས་སོངམ་ཚུ་ གཤམ་གསལ་ལྟར་ཨིན།

Read More

དྭངས་ཆུ་རྒེད་འོག་གི་རྒཔོ་གི་དུས་མིན་བཙག་འཐུའི་གྲུབ་འབྲས་གསལ་བསྒྲགས།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༤༥༧ པ་དང་འཁྲིལ་ སྤྱི་ཚེས་ ༦-༣-༢༠༡༧ ལུ་ དབང་འདུས་རྫོང་ཁག་ དྭངས་ཆུ་རྒེད་འོག་གི་རྒཔོ་གི་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ མི་ངོམ་སྤེན་པ་ འདི་ བཙག་འཐུ་གྲུབ་ཡོད་པའི་སྐོར་ མི་མང་ཡོངས་ལུ་བརྡ་འཕྲིན་སྤེལཝ་ཨིན། ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས ༡༡༦༢ (ཕོ་ ༥༠༡ དང་ མོ་ ༦༦༡) ལས་ ཚོགས་རྒྱན་སྐྱུར་བར་འོང་མི་བསྡོམས་ ༩༠༢ ཀྱིས་ཚོགས་རྒྱན་བཙུགས་ཏེ་ཡོདཔ་ལས་ བརྒྱ་དཔྱ༌༧༧.༦%་ གིས་ ཚོགས་རྒྱན་བཙུགས་ཏེ་འདུག། ཚོགས་རྒྱན་བཙུགས་ཡོད་མི་ཡོངས་བསྡོམས་ལས་ ཚོགས་རྒྱན་༨༠༣ འདི་ ཚོགས་རྒྱན་ས་ཁོངས ༥ འི་ནང་ མི་ངོ་བོ་འབད་འགྱོ་སྟེ་ ཚོགས་རྒྱན་འཕྲུལ་ཆ་ཐོག་བཙུགས་ཏེ་ཡོདཔ་དང་ ཚོགས་རྒྱན་ ༩༩ འདི་ འགྲེམ་ཐོག་རྒྱན་ཤོག་ཐོག་བཙུགས་ཏེ་འདུག། བཙག་འཐུ་གྲུབ་ཡོད་མི་འཐུས་མི་འདི་གིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༥༨༠ ཅན་མ་དང་འཁྲིལ་ཏེ་ ཧེ་མའི་འཐུས་མི་གིས་ ཕྱག་ཕྱིད་ཞུ་ཡོད་པའི་ ལྷག་ལུས་ཀྱི་གནས་ཡུན་ རྐྱངམ་ཅིག་ ཕྱག་ཕྱིད་ཞུ་ནི་ཨིན། མི་མང་ཡོངས་ལུ་

Read More

དབང་འདུས་ཕོ་བྲང་རྫོང་ཁག་མངའ་འོག་ དྭངས་ཆུ་རྒེད་འོག་རྒཔོ་གི་གོ་གནས་དོན་ཀྱི་དུས་མིན་བཙག་འཐུ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ཅན་མའི་དོན་ཚན་༥༧༧ དང་༥༧༩ དེ་ལས་ས་གནས་གཞུང་གི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༣༣ དང་༣༤ ཚུའི་རྗེས་མཐུན་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་མངའ་འོག་ དྭངས་ཆུ་རྒེད་འོག་རྒཔོ་གི་གོ་གནས་དོན་ལུ་ ས་སྟོང་ཞུགས་ཡོད་པའི་སྐོར་བཀོད་ཡོད་མི་ལུ་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ལྷོད་པའི་ཡིག་ཨང་ DLG-12/1503 སྤྱི་ཚེས་༦-༡-༢༠༡༧ ཅན་མ༌དང༌ དབང་འདུས་ཕོ་བྲང་རྫོང་ཁག་ལས་ ཡིག་ཨང་DAW/ECB-02/2017/4559 སྤྱི་ཚེས་༢༤-༡-༢༠༡༧ ཅན་མ་ལུ་ངོས་ལེན་ཐོག་ དུས་མིན་བཙག་འཐུའི་གསལ་བསྒྲགས་འབདཝ་ཨིན།

Read More

ས་གནས་གཞུང་གི་བཙག་འཐུ་༢༠༡༦ གི་སྐབས་ ས་སྟོང་ཞུགས་ཡོད་པའི་འདེམས་ཁོངས་༦༠ ཆ་མཉམ་ནང་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་འགོ་འདྲེན།

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་འདི་ཡང་ གཤམ་འཁོད་རྫོང་ཁག་༡༨ ཀྱི་ས་སྟོང་ཞུགས་ཡོད་པའི་འདེམས་ཁོངས་༦༠ ནང་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་འདི་ འགོ་འདྲེན་འཐབ་ནི་ཨིན་པའི་བརྡ་དོན་སྤེལཝ་ཨིན།  

Read More

ཐིམ་ཕུག་རྫོང་ཁག་གི་ བྱང་ཐིམ་ཁྲོམ་-ཀ་ཝང་-གླིང་བཞི་-ན་རོ་-སྲོས་འདེམས་ཁོངས་ཀྱི་དུས་མིན་བཙག་འཐུའི་གྲུབ་འབྲས་གསལ་བསྒྲགས་༢༠༡༦།

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༤༥༧ པ་དང་འཁྲིལ་ སྤྱི་ཚེས་༤-༡༠-༢༩༡༦ ལུ་ ཐིམ་ཕུག་རྫོང་ཁག་གི་བྱང་ཐིམ་ཁྲོམ་-ཀ་ཝང་-གླིང་བཞི་-ན་རོ་-སྲོས་ཀྱི་རྒྱལ་ཡོངས་ཚོགས་འདུའི་འདེམས་ཁོངས་ནང་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ ངོ་ཚབ་སྦེ་ མི་སེར་དམངས་གཙོའི་ཚོགས་པ་གི་ མི་ངོམ་ཚེ་རིང་འདི་ བཙག་འཐུ་གྲུབ་ཡོད་པའི་སྐོར་ མི་མང་ཡོངས་ལུ་བརྡ་འཕྲིན་སྤེལཝ་ཨིན། ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་༦༣༡༢ (ཕོ་རྒས་༢༩༣༣ དང་ ཨམ་སྲུ་ ༣༣༧༩) ལས་ ཚོགས་རྒྱན་སྐྱུར་བར་འོང་མི་བསྡོམས་ ༢༦༩༢ ཀྱིས་ཚོགས་རྒྱན་བཙུགས་ཏེ་ཡོདཔ་ལས་ བརྒྱ་དཔྱ་༤༢.༦%་གིས་ ཚོགས་རྒྱན་བཙུགས་ཏེ་འདུག།  ཚོགས་རྒྱན་བཙུགས་ཡོད་མི་ཡོངས་བསྡོམས་ལས་ ཚོགས་རྒྱན་༢༦༧༦ འདི་ ཚོགས་རྒྱན་ས་ཁོངས་༡༤ ཚུ་ནང་ མི་ངོ་བོ་འབད་འགྱོ་སྟེ་ ཚོགས་རྒྱན་འཕྲུལ་ཆ་ཐོག་བཙུགས་ཏེ་ཡོདཔ་དང་ ཚོགས་རྒྱན་༡༦ འདི་ འགྲེམ་ཐོག་རྒྱན་ཤོག་ཐོག་བཙུགས་ཏེ་འདུག། དུས་མིན་བཙག་འཐུ་འདི་ནང་ དོ་འགྲན་འབད་མི་འདེམས་ངོ་གཉིས་ཆ་རང་གིས་ གྲུབ་འབྲས་གསལ་བསྒྲགས་འབད་བའི་ཉིན་གྲངས་སུམ་ཅུའི་ནང་འཁོད་ འདི་ཡང་ སྤྱི་ཚེས་༤-༡༢-༢༠༡༦ གི་ཕྱི་རུའི་ཆུ་ཚོད་༤ ལས་མ་ཕྱི་བར་ མི་མང་བཙག་འཐུའི་མ་དངུལ་འབྲི་ཤོག་ཨང་ ༧ ང་པའི་ཐོག་ ཐིམ་ཕུག་རྫོང་ཁག་བཙག་འཐུ་ཡིག་ཚང་ ཡང་ན་ བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བའི་ མི་མང་བཙག་འཐུའི་མ་དངུལ་སྡེ་ཚན་ལུ་ བཙག་འཐུའི་ཟད་གྲོན་སྙན་ཞུ་ཚུ་ འབད་དགོ་པའི་དྲན་གསོ་འབདཝ་ཨིན། མི་མང་ཡོངས་དང་ འབྲེལ་ཡོད་ཚུ་གིས་

Read More

བརྡ་འཕྲིན།

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་དེ་ཡང་ ཐིམ་ཕུག་རྫོང་ཁག་གི་བྱང་ཐིམ་ཁྲོམ་-ཀ་ཝང་-གླིང་བཞི་-ན་རོ་-སྲོས་གི་ རྒྱལ་ཡོངས་ཚོགས་འདུའི་དུས་མིན་བཙག་འཐུ་གི་ མི་མང་རྩོད་འགྲན་འདི་ འབྲུག་གི་རྒྱང་བསྒྲགས་ལས་འཛིན་གྱི་རྒྱང་མཐོང་དང་གཅིག་ཁར་ མཉམ་འབྲེལ་ཐོག་ སྤྱི་ཚེས་༢༧-༡༠-༢༠༡༦ རེས་གཟའ་པ་སངས་ཀྱི་ ཕྱི་རུའི་ཆུ་ཚོད་༧ གྱི་གནས་ཚུལ་ཤུལ་ལུ་ གཟི་ལུང་ཁ་འབྲིང་རིམ་སློབ་གྲྭ་ཆུང་བའི་སྤྱི་དོན་ཁང་ནང་ འགོ་འདྲེན་འཐབ་ནི་ཨིན། རང་ལུགས་གནམ་ལོ་མེ་ཕོ་སྤྲེལ་ལོ་ཟླ་བརྒྱད་ཚེས་ཉེར་བཞི་འམ་ སྤྱི་ལོ་ ༢༠༡༦ ཟླ་ ༡༠ པའི་ཚེས་ ༢༤ ལུ་སྤེལ།   འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Read More

ས་གནས་གཞུང་གི་བཙག་འཐུའི་འདེམས་ཁོངས་ནང་ ཚོགས་རྒྱན་ཁ་གྱངས་མཐོ་ཤོས་འདྲ་མཉམ་ཐོབ་མི་ནང་ ཚོགས་རྒྱན་བསྐྱར་ལོག་འགོ་འདྲེན་འཐབ་ཡོད་པའི་གྲུབ་འབྲས་གསལ་བསྒྲགས།

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༤༥༧ པ་དང་འཁྲིལ་ སྤྱི་ཚེས་༢༡-༩-༢༩༡༦ ལུ་ འཕྲལ་ཁམས་འགོ་འདྲེན་འཐབ་ཡོད་མི་ནང་ ཚོགས་རྒྱན་གྱི་གྱངས་ཁ་མཐོ་ཤོས་འདྲ་མཉམ་ཐོབ་ཡོད་མི་ ས་གནས་གཞུང་གི་འདེམས་ཁོངས་ཚུ་ནང་དང་ མོང་སྒར་རྫོང་ཁག་ ཨ་ཏོ་ལ་སྤྱི་འོག་ཚུ་ནང་ ཚོགས་རྒྱན་བསྐྱར་ལོག་འགོ་འདྲེན་འཐབ་ཡོད་པའི་གྲུབ་འབྲས་འདི་ དགའ་སྤྲོ་དང་བཅས་པའི་ཐོག་ལས་ གསལ་བསྒྲགས་འབདཝ་ཨིན། བཙག་འཐུ་གྲུབ་པའི་འདེམས་ངོའི་མིང་གསལ་ཚུ་ གཤམ་འཁོད་ལྟར་དུ་ཨིན་མི་ཚུ་ཡང་   ཨང་ རྫོང་ཁག། རྒེད་འོག། སྤྱི་འོག། མིང་གསལ་ ཕོ་/མོ་ གོ་གནས། ༡ ཆུ་ཁ། སྐྱབས་ཆ། སྦུ་ན་ཁ། དབྱངས་སྐྱིད། མོ་ ཚོགས་པ། ༢ དར་དཀར་ན། རྡོ་རོ་ན། ཀཱ་མཱལ་ དོཇ་ རའེ། ཕོ དམངས་མི། གེ་སར་གླིང་། བཀྲིས་ཐང་། ཧཱར་ཀ་ བྷ་དུར་ སུ་བྷ། ཕོ་ ཚོགས་པ། ཁེ་སྦི་ས། མཐོངམ་སྒང་། བསོད་ནམས་བཀྲིས། ཕོ་ ཚོགས་པ། ཁྲོམ་སྡེ། པ་སངས་དབང་འདུས། ཕོ་ ངོ་ཚབ། ༣ མོང་སྒར། ཤེར་མུ་ཧཱུྂ། སྒང་མུང་། ཀུན་དགའ་དབང་པོ། ཕོ་ ཚོགས་པ། ཐང་རོང་། ཨ་ཏོ་ལ། ཨོ་རྒྱན་དབང་ཕྱུག། ཕོ་ ཚོགས་པ། ༤ པདྨ་དགའ་ཚལ། མཁར། རྟ་མགྲིན་རྒྱལ་མཚན། ཕོ་ དམངས་མི། ༥ སྤུངས་ཐང་ཁ། དགོན་ཤ་རི། ཡོར་སྦོ། འཕྲིན་ལས། ཕོ་ ཚོགས་པ། ༦ གསར་སྤང། བདེ་སྐྱིད་གླིང་། ནུབ་སྒང་། དྲམ་བར་ སིང་ དཱ་ཧཱལ། ཕོ་ ཚོགས་པ། ༧ བསམ་གྲུབ་ལྗོངས་མཁར་། བསམ་རང་། པཱན་ཇི་ཀ་ གུ་རུང་། མོ་ དམངས་མི། ༨ བཀྲིས་སྒང་། ར་དྷི། སྤག་ཀ་གླིང་། ཚེ་རིང་ཕུན་ཚོགས། ཕོ་ ཚོགས་པ། ༩ ཀྲོང་གསར། ཁྲོམ་སྡེ། ཀརྨ་ལས་འཕྲོ། ཕོ་ ངོ་ཚབ། ༡༠ རྩི་རང་། སེམས་ལྗོངས། གདང་རས་སྒང་། གཱ་ནིཤ་ ཀུ་མཱར་ ཇོ་གི། ཕོ་ ཚོགས་པ།   ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་དང་ ཚོགས་རྒྱན་སྐྱུར་བར་འོང་མིའི་བརྡ་དོན་འདི་ གཤམ་གསལ་ལྟར་དུ་ཨིན།   ༡.ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་   = ༦༩༦༥ ༢.ཚོགས་རྒྱན་སྐྱུར་བར་འོང་མི་ཡོངས་བསྡོམས་   = ༢༧༠༧ ཀ༽   ཚོགས་རྒྱན་འཕྲུལ་ཆས་    =༢༢༨༧ ཁ༽   འགྲེམ་ཐོག་རྒྱན་ཤོག་          = ༤༢༠ ༣.ཚོགས་རྒྱན་སྐྱུར་བར་འོང་མི་བརྒྱ་དཔྱ་      =༣༨.༩%   བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་འདི་ཡང་ བཙག་འཐུའི་བཤེར་ཡིག་བཙུགས་ནིའི་དུས་ཡུན་འདི་ ད་རེས་ལས་འགོ་བཙུགས་ སྤྱི་ཚེས་༨-༡༡-༢༠༡༦ མཇུག་བསྡུཝ་ཨིན་པའི་བརྡ་དོན་སྤེལཝ་ཨིན། རང་ལུགས་གནམ་ལོ་མེ་ཕོ་སྤྲེལ་ལོ་ཟླ་བརྒྱད་པའི་ཚེས་ཉེར་གཉིས་སམ་ སྤྱི་ལོ་༢༠༡༦ ཟླ་༩ པའི་ཚེས་༢༢ ལུ་སྤེལ།   འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།  

Read More

ཐིམ་ཕུག་རྫོང་ཁག་གི་ བྱང་ཐིམ་ཁྲོམ་-ཀ་ཝང་-གླིང་བཞི་-ན་རོ་-སྲོས་འདེམས་ཁོངས་ཀྱི་དུས་མིན་བཙག་འཐུ།

༉    མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ སྤྱི་ཚེས་༣-༡༠-༢༠༡༦ ལུ་ གནང་ཡོད་པའི་བཀའ་ཐམ་ཆེན་མོའི་དགོངས་དོན་ལུ་ གུས་བཏུད་དང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༥༧༧ དང་༥༧༩ ཅན་མ་དང་འཁྲིལ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཐིམ་ཕུག་རྫོང་ཁག་མངའ་འོག་གི་ རྒྱལ་ཡོངས་ཚོགས་འདུའི་འདེམས་ཁོངས་ བྱང་ཐིམ་ཁྲོམ་-ཀ་ཝང་-གླིང་བཞི་-ན་རོ་-སྲོས་ཀྱི་དུས་མིན་བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ དུས་མིན་བཙག་འཐུའི་ལས་འཆར་དང་ འདེམས་ངོའི་གདམ་ངོ་དང་འབྲེལ་བའི་ཁ་གསལ་ བཙག་འཐུའི་ཐོ་ཡིག་ ཚོགས་རྒྱན་འཕྲུལ་ཆ་ཚོགས་རྒྱན་ས་ཁོངས་ ཚོགས་རྒྱན་འགོ་དཔོན་ ཚོགས་རྒྱན་འཛིན་སྐྱོང་ བདེ་སྲུང་ དེ་ལས་ གཞན་གྲ་སྒྲིག་ཚུའི་བརྡ་འཕྲིན་གཤམ་འཁོད་ལྟར་སྤེལ་མི་ཡང་

Read More

བརྡ་འཕྲིན: ཚོགས་རྒྱན་ཁ་གྱངས་མཐོ་ཤོས་ཀྱི་འདྲ་མཉམ་ཐོབ་མི་ ས་གནས་གཞུང་གི་འདེམས་ཁོངས་ཚུ་ནང་ བཙག་འཐུ་ལོག་འགོ་འདྲེན་འཐབ་ནི།

  ༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༤༦༣ པ་དང་འཁྲིལ་ སྤྱི་ཚེས་༢༧-༩-༢༠༡༦ ལུ་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་ གོ་རིམ་གཉིས་པའི་སྐབས་ཀྱི་ ཚོགས་རྒྱན་གྲུབ་འབྲས་འདྲ་མཉམ་ཐོབ་ཡོད་མི་ གཤམ་འཁོད་འདེམས་ཁོངས་༡༣ ནང་ལུ་ བཙག་འཐུ་ལོག་འགོ་འདྲེན་འཐབ་ནི་ཨིན་མི་ཚུ་ཡང་ ཨང་ རྫོང་ཁག་ རྒེད་འོག་ སྤྱི་འོག་ མིང་གསལ་ ཕོ་/མོ་ གོ་གནས་ ༡ ཆུ་ཁ། སྐྱབས་ཆ་རྒེད། སྦུ་ན་ཁ། པ་སངས་ཚེ་རིང་། ཕོ་ ཚོགས་པ། གཡང་སྐྱིད། མོ་ ༢ དཀར་དཀར་ན། རྡོ་རོ་ན་རྒེད་འོག། ཀ་མཱལ་ དོཇ་ རའེ། ཕོ་ དམངས་མི། སོམ་ བཱ་དུར་ རའེ། ཕོ་ གེ་སར་གླིང་། བཀྲིས་ཐང་། ཧཱར་ག་ བཱ་དུར་ སུ་བྷ། ཕོ་ ཚོགས་པ། ཨྱོན་རྡོ་རྗེ། ཕོ་ ཁེ་སྦིས་ས། མཐོངམ་སྒང་། ཤེར་པ། མོ་ ཚོགས་པ། བསོད་ནམས་བཀྲིས། ཕོ་ ཁྲོམ་སྡེ། འཇིགས་མེད་རྡོ་རྗེ། ཕོ་ ཁྲོམ་སྡེ་ངོ་ཚབ། པ་སངས་དབང་འདུས། ཕོ་ ༣ མོང་སྒར། ཤེར་མུ་ཧཱུྂ། སྒང་མུང་། ཀུན་དགའ་དབང་མོ། ཕོ་ ཚོགས་པ། བསོད་ནམས། ཕོ་ ༤ པདྨ་དགའ་ཚལ། མཁར། རྡོ་རྗེ་རྒྱལ་མཚན། ཕོ་ དམངས་མི། རྟ་མགྲིན་རྒྱལ་མཚན། ཕོ་ ༥ སྤུངས་ཐང་ཁ། དགོན་ཤ་རི། ཡོར་སྦོ། ཕུར་པ། ཕོ་ ཚོགས་པ། འཕྲིན་ལས། ཕོ་ ༦ གསར་སྤང་། བདེ་སྐྱིད་གླིང་། ནུབ་སྒང་། གྲམ་བིར་ སིང་ དཱ་ཧཱལ། ཕོ་ ཚོགས་པ། མཱན་ བྷ་དུར་ ཀཱར་ཀི། ཕོ་ ༧ བསམ་གྲུབ་ལྗོངས་མཁར། བསམ་རང་། ཀུན་དགའ། ཕོ་ དམངས་མི། པཱན་ཇི་ཀ་ གུ་རུང་། མོ་ ༨ བཀྲིས་སྒང་། ར་དྷི། སྤག་ཀ་གླིང་། པདྨ་བསྟན་འཛིན། ཕོ་ ཚོགས་པ། ཚེ་རིང་ཕུན་ཚོགས། ཕོ་ ༩ ཀྲོང་གསར། ཁྲོམ་སྡེ། ཀརྨ་ལས་འཕྲོ། ཕོ་ ཁྲོམ་སྡེ་ངོ་ཚབ། ཚེ་རིང་། མོ་ ༡༠ རྩི་རང་། སེམས་ལྗོངས། གདང་རས་སྒང་། བཱལ་ བཱིར་ རའེ། ཕོ་ ཚོགས་པ། གཱ་ནིཤ་ ཀུ་མར་ཇོ་གི། ཕོ་ བཙག་འཐུ་འདི་ དམངས་མི་༣ ཚོགས་པ་༨ དེ་ལས་ ཁྲོམ་སྡེ་ངོ་ཚབ་༢ གི་གོ་གནས་དོན་ལུ་ ལོག་འགོ་འདྲེན་འཐབ་ནི་ཨིན། མོང་སྒར་རྫོང་ཁག་ ཐངས་རོང་རྒེད་འོག་གི་ ཨ་ཏོ་ལ་སྤྱི་འོག་གི་ཚོགས་པའི་ ཚོགས་རྒྱན་བསྐྱར་ལོག་འདི་ཡང་ ཚོགས་རྒྱན་གྲུབ་འབྲས་འདྲ་མཉམ་ཐོབ་ཡོད་མི་འདེམས་ཁོངས་ཚུ་ནང་ བཙག་འཐུ་ལོག་འགོ་འདྲེན་འཐབ་པའི་ ཚོགས་རྒྱན་ཉིནམོ་འདི་ཁར་ འགོ་འདྲེན་འཐབ་ནི་ཨིན། བཙག་འཐུ་ལོག་འགོ་འདྲེན་འཐབ་ནི་ལུ་ དམིགས་བསལ་ཀྱི་གྲ་སྒྲིག་ཚུ་ གཤམ་གསལ་ལྟར་ཨིན་མི་ཚུ་ཡང་ ༡. འདེམས་ངོ་ཚུ་གིས་ ཡིག་ཆ་ཚུ་ ལོག་སྟེ་རང་བཙུགས་མ་དགོ་པར་ འཕྲལ་ཁམས་ལུ་འགོ་འདྲེན་འཐབ་ཡོད་པའི་ གདམ་ངོའི་ཡིག་ཆ་དང་བྱ་སྒོའི་རིམ་པ་ཚུ་ ཆ་གནས་ཡོདཔ་ལུ་བརྩི་འཇོག་འབད་ནི་ཨིན། ༢. ཚོགས་རྒྱན་སྐབས་ འདྲ་མཉམ་ཐོབ་མི་འདེམས་ངོ་ཚུ་གིས་རྐྱངམ་ཅིག་

Read More

འབྲུག་གི་རྩ་ཁྲིམས་ཆེན་མོའི་མངའ་འོག་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་ གོ་རིམ་གཉིས་པ་གི་གྲུབ་འབྲས་ གསལ་བསྒྲགས།

༉ འབྲུག་གི་བཅད་མཚམས་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༤༥༧ པ་དང་འཁྲིལ་ སྤྱི་ཚེས་༢༧-༩-༢༩༡༦ ལུ་ རྫོང་ཁག་༢༠ གི་རྒེད་འོག་༢༠༥ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲོམ་སྡེ་ བུམ་ཐང་ དར་དཀར་ན་ ཧཱ་ ལྷུན་རྩེ་ སྤ་རོ་ སྤུངས་ཐང་ཁ་ བསམ་རྩེ་ བཀྲིས་སྒང་ བཀྲིས་གཡང་རྩེ་ ཀྲོང་གསར་ རྩི་ རང་ དབང་འདུས་ཕོ་བྲང་ གཞལ་སྒང་རྫོང་ཁག་ཚུ་གི་རྫོང་ཁག་ཁྲོམ་སྡེ་ཚུ་ནང་ འགོ་འདྲེན་འཐབ་པའི་ ས་གནས་གཞུང་གི་ བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ་༢༠༡༦ འདི་གི་གྲུབ་འབྲས་འདི་ དགའ་སྤྲོ་དང་བཅས་པའི་ཐོག་ལས་ གསལ་བསྒྲགས་འབདཝ་ཨིན།

Read More

བརྡ་འཕྲིན: ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་བསྐུལ་བསྒྲགས་བཀག་སྡམ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་འདི་ཡང་ ཚོགས་རྒྱན་ཉིནམོ་མ་རན་པའི་སྔ་གོང་གི་ཆུ་ཚོད་༤༨ ནང་འཁོད་ བཙག་འཐུའི་ཁྲིམས་ལུགས་ཀྱི་མངའ་འོག་ “བསྐུལ་བསྒྲགས་འབད་མ་ཆོག་པའི་དུས་ཚོད་”ཨིན་པའི་ བརྡ་དོན་སྤེལཝ་ཨིན། བསྐུལ་བསྒྲགས་བཀག་སྡམ་གྱི་དུས་ཚོད་འདི་ རྒེད་འོག་༢༠༥ དང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ དེ་ལས་ བུམ་ཐང་ དར་དཀར་ན་ ཧཱ་ ལྷུན་རྩེ་ སྤ་རོ་ སྤུངས་ཐངས་ཁ་ བསམ་རྩེ་ བཀྲིས་སྒང་ བཀྲིས་གཡང་རྩེ་ ཀྲོང་གསར་ རྩི་རང་ དབང་འདུས་ཕོ་བྲང་ གཞལ་སྒང་གི་རྫོང་ཁག་ཁྲོམ་སྡེ་༡༣ ནང་ སྤྱི་ཚེས་༢༥-༩-༢༠༡༦ གི་དྲོ་པའི་ཆུ་ཚོད་ ༩.༠༠ ལས་འགོ་བཙུགས་ ཚོགས་རྒྱན་གྱི་དུས་ཚོད་མཇུག་མ་བསྡུ་ཚུན་གྱི་རིང་ལུ་ཨིན། དུས་ཡུན་འདི་གི་སྐབས་ལུ་ ག་གིས་རང་འབད་རུང་ བརྡ་བརྒྱུད་ཐོག་ འདེམས་ངོ་ག་འབད་རུང་ཅིག་ལུ་ རྒྱབ་སྐྱོར་ ཡང་ན་ རྒྱབ་འགལ་དང་འབྲེལ་བའི་ བཙག་འཐུའི་བསྐུལ་བསྒྲགས་ཀྱི་གནས་སྟངས་ལུ་འགྱུར་བའི་གནད་དོན་གང་རུང་ཅིག་ པར་བསྐྲུན་འབད་ནི་ རྒྱང་བསྒྲགས་འབད་ནི་ ཁྱབ་སྤེལ་འབད་ནི་ཚུ་མི་ཆོག། དེ་གིས་མ་ཚད་ ལས་སྡེ་ག་གིས་རང་འབད་རུང་ འདེམས་ངོ་ཅིག་གི་ཁེ་ཕན་ ཡང་ན་ རྒྱབ་འགལ་ལུ་ཚོགས་རྒྱན་གྱི་ཁྱད་པར་ཞུགས་བཅུག་ནི་དང་འབྲེལ་བའི་ མི་མང་གི་ལས་དོན་གྲ་སྒྲིག་འབད་ནི་ འགོ་འདྲེན་འཐབ་ནི་ འགན་དབང་ལེན་ནི་

Read More

བརྡ་འཕྲིན: རྒེད་འོག་ཚོགས་སྡེ་ ༢༠༥ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ཚོགས་སྡེ་ དེ་ལས་ རྫོང་ཁག་ཁྲོམ་སྡེ་༡༣ ནང་གི་ཚོགས་རྒྱན་ཉིནམོ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་འདི་ཡང་ སྤྱི་ཚེས་༢༧-༩-༢༠༡༦ རེས་གཟའ་ལྷག་པ་འདི་ རྒེད་འོག་ཚོགས་སྡེ་༢༠༥ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ཚོགས་སྡེ་ དེ་ལས་ བུམ་ཐང་ དར་དཀར་ན་ ཧཱ་ ལྷུན་རྩེ་ སྤ་རོ་ སྤུངས་ཐང་ཁ་ ཀྲོང་གསར་ བསམ་རྩེ་ བཀྲིས་སྒང་ བཀྲིས་གཡང་རྩེ་ རྩི་རང་ དབང་འདུས་ཕོ་བྲང་ གཞལ་སྒང་ཚུ་གི་རྫོང་ཁག་ཁྲོམ་སྡེའི་ངོ་ཚབ་ཚུའི་ བཙག་འཐུ་གི་ཚོགས་རྒྱན་ཉིནམོ་ཨིན་པའི་བརྡ་དོན་སྤེལཝ་ཨིན།   དེ་འབདཝ་ལས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༣༢༩ པ་དང་འཁྲིལ་ གོང་འཁོད་ཉིནམོ་འདི་ལུ་ ཐིམ་ཕུག་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་གི་ཁྲོམ་སྡེ་གསུམ་མ་གཏོགས་ གཞན་རྫོང་ཁག་༢༠ ཆ་མཉམ་ནང་རང་ གཞུང་གི་ངལ་གསོ་ཨིནམ་ལུ་ གསལ་བསྒྲགས་འབདཝ་ཨིན། ཚོགས་རྒྱན་ཉིནམོ་སྐབས་ མགྲོན་ཁྱིམ་དང་འབྲེལ་བའི་བཟའ་ཁང་ཚུ་མ་གཏོགས་ གཞན་མི་ཡིག་ཚང་དང་ ཚོང་འབྲེལ་ལས་སྡེ་ཚུ་ ཆ་མཉམ་རང་སྒོ་སྡམ་བཞག་དགོ།      འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Read More

བརྡ་འཕྲིན།

༉   འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་དང་ དམིགས་བསལ་དུ་ དབང་འདུས་ཕོ་བྲང་རྫོང་ཁག་ སྦྱེ་ནག་རྒེད་འོག་གི་ཚོགས་རྒྱན་སྐྱུར་མི་ཚུ་ལུ་ དྲན་གསོ་ཞུ་དགོཔ་བྱུང་མི་འདི་ཡང་ རྒེད་འོག་དེ་ནང་ལས་ དམངས་མི་གི་འདེམས་ངོ་སྦེ་འཐོན་མི་ ཚེ་འདས་པདྨ་དབྱངས་འཛོམས་ལུ་ རྐྱེན་ངན་དེ་བཟུམ་བྱུང་ཡོད་མི་ལུ་ བཟོད་མ་ཚུགས་པའི་མྱ་ངན་གྱི་གཞི་ཅིག་ལུ་གྱུར་ཡོདཔ་ལས་ ད་ལྟོ་འགྲེམ་ཐོག་རྒྱན་ཤོག་མ་གཏང་པར་ཡོད་མི་ སྦྱེ་ནག་རྒེད་འོག་གི་འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུ་གིས་ རྒེད་འོག་དེ་ཁའི་དམངས་མི་གི་གོ་གནས་ལུ་ དོ་འགྲན་འབད་མི་འདེམས་ངོ་གཞན་མི་གཉིས་ཀྱི་དོན་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཏེ་ གཏང་གནང་ཟེར་བའི་དྲན་གསོ་ཞུཝ་ཨིན། གལ་སྲིད་ ཚེ་འདས་ཀྱི་འདེམས་ངོ་ལུ་ རྒྱབ་སྐྱོར་གྱི་འགྲེམ་ཐོག་ཚོགས་རྒྱན་བཏང་ཚར་ཏེ་ཡོད་མི་ཚུ་ ནུས་མེད་སྦེ་རྩིས་ནི་ཨིན་པའི་དྲན་གསོ་འབདཝ་ཨིན།   འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Read More

བརྡ་འཕྲིན།

༉   འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་དེ་ཡང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲོམ་སྡེ་བཙག་འཐུའི་དོན་ལས་ ཁྲོམ་དཔོན་གྱི་དོ་འགྲན་འབད་མི་འདེམས་ངོ་ཚུའི་ མི་མང་རྩོད་འགྲན་འདི་ འབྲུག་གི་རྒྱང་བསྒྲགས་ལས་འཛིན་གྱི་རྒྱང་མཐོང་དང་གཅིག་ཁར་ མཉམ་འབྲེལ་ཐོག་ སྤྱི་ཚེས་༡༧-༩-༢༠༡༦ རེས་གཟའ་ཉིམ་ ཕྱི་རུའི་ཆུ་ཚོད་༧ གྱི་གནས་ཚུལ་ཤུལ་ལུ་ རྫོང་ཁག་ཚོགས་འདུ་ཁང་ནང་ འགོ་འདྲེན་འཐབ་ནི་ཨིན། རང་ལུགས་གནམ་ལོ་མོ་ཕོ་སྤྲེལ་ལོ་ཟླ་བདུན་པ་རྗེས་མའི་ཚེས་བཅུ་གཅིག་གམ་ སྤྱི་ལོ་ ༢༠༡༦ ཟླ་ ༩ པའི་ཚེས་ ༡༢ ལུ་སྤེལ། (ཆོས་རྒྱལ་ཟླ་སྒོ་རིག་འཛིན་) འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Read More

བརྡ་འཕྲིན:

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི༌མང༌ཡོངས༌ལུ༌ཞུ༌དོན༌འདི༌ཡང༌ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༢༡༣ དང་ ༢༡༤ དང་འཁྲིལ་ ད་ལྟོ་འགོ་འདྲེན་འཐབ་འཕྲོ་ཡོད་པའི་ ས་གནས་གཞུང་གི་བཙག་འཐུ་༢༠༡༦ ནང་འདི་ནང་ དོ་འགྲན་འབད་མི་འདེམས་ངོ་ཚུ་གི་ རྒྱུ་དངོས་གསལ་སྟོན་དང་ འབའ་གན་ཚུ་ལུ་ དང་འདོད་ཡོད་མི་ཚུ་གིས་ བརྟག་ཞིབ་/ལྟ་རྟོག་འབད་ནི་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ www.ecb.bt དང་ འབྲེལ་ཡོད་རྫོང་ཁག་བཙག་འཐུའི་ཡིག་ཚང་གི་ཡོངས་འབྲེལ་ཚུ་ནང་བཙུགས་བཞག་འབད་དེ་ཡོདཔ་དང་ དེ་གིས་མ་ཚད་ འདི་ཚུའི་འདྲ་བཤུས་ཚུ་ འབྲེལ་ཡོད་ངོས་ལེན་འགོ་དཔོན་ཚུ་ལས་ཡང་ཐོབ་ཚུགས།       འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Read More

བརྡ་འཕྲིན: ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ་༢༠༡༦ གི་བཙག་འཐུའི་ཐོ་ཡིག་མཐའ་དཔྱད་གསར་སྟོན།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བརྡ་འཕྲིན་ཨང་ ཨི་སི་བི་/བརྡ་འཕྲིན་-༠༡/༢༠༡༦/༡༩༣ སྤྱི་ཚེས་༩-༨-༢༠༡༦ དང་འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༣༤ ཅན་མ་ཚུ་དང་འཁྲིལ་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ་༢༠༡༦ གི་བཙག་འཐུའི་ཐོ་ཡིག་མཐའ་དཔྱད་འདི་གསར་སྟོན་འབདཝ་ཨིན། བཙག་འཐུའི་ཐོ་ཡིག་མཐའ་དཔྱད་འདི་ སྤྱི་ཚེས་༢༠ ལས་ ༣༠-༨-༢༠༡༦ ཚུན་གྱི་དུས་ཡུན་རིང་ལུ་ རྫོང་ཁག་ཚུ་ལས་ “ཐོབ་བརྗོད་དང་ དགག་ཆ་” བཀོད་དེ་ཡོད་མི་ཚུ་ མཉམ་བསྡབ་དང་བསྒྱུར་བཅོས་ཚུ་འབད་བའི་ཤུལ་ལུ་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ་༢༠༡༦ གི་ ཆ་བཞག་ཚེས་གྲངས་ སྤྱི་ཚེས་༡-༦-༢༠༡༦ ཚུན་ལུ་ ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་༤༠༢,༠༨༩ ཡོད་མི་ནང་ལས་ ཨམ་སྲུ་༢༠༥,༢༡༩ དང་ ཕོ་རྒས་༡༩༦,༨༧༠ ཨིན་མས། བཙག་འཐུའི་ཐོ་ཡིག་འདི་ རྫོང་ཁག་དང་འཁྲིལ་ ཁ་དབྱེ་སྟེ་གཤམ་འཁོད་ལྟར་དུ་ཡོད་མི་ཚུ་ཡང་ ཨང་ རྫོང་ཁག་ ཕོ་ ཕོ་བརྒྱ་དཔྱ་(%) མོ་ མོ་བརྒྱ་དཔྱ་(%) ཡོངས་བསྡོམས་ ༡ བུམ་ཐང་། 4,290 46.54 4,928 53.46 9,218 ༢ ཆུ་ཁ། 11,454 49.92 11,492 50.08 22,946 ༣ དར་དཀར་ན། 11,438 50.09 11,397 49.91 22,835 ༤ མགར་ས། 925 48.08 999 51.92 1,924 ༥ ཧཱ། 3,464 47.23 3,870 52.77 7,334 ༦ ལྷུན་རྩེ། 7,160 46.64 8,190 53.36 15,350 ༧ མོང་སྒར། 15,778 48.01 17,084 51.99 32,862 ༨ སྤ་རོ། 8,466 47.87 9,218 52.13 17,684 ༩ པདྨ་དགའ་ཚལ། 11,908 48.59 12,598 51.41 24,506 ༡༠ སྤུངས་ཐང་ཁ། 7,520 47.65 8,262 52.35 15,782 ༡༡ བསམ་གྲུབ་ལྗོངས་མཁར། 11,382 48.29 12,189 51.71 23,571 ༡༢ བསམ་རྩེ། 23,536 52.38 21,400 47.62 44,936 ༡༣ གསར་སྤང་། 13,684 50.02 13,673 49.98 27,357 ༡༤ ཐིམ་ཕུག། 2,943 47.43 3,262 52.57 6,205 ༡༥ བཀྲིས་སྒང་། 21,532 48.36 22,992 51.64 44,524 ༡༦ བཀྲིས་གཡང་རྩེ། 8,483 48.34 9,067 51.66 17,550 ༡༧ ཀྲོང་གསར། 4,694 48.32 5,021 51.68 9,715  ༡༨ རྩི་རང་། 10,999 50.93 10,599 49.07 21,598 ༡༩ དབང་འདུས་ཕོ་བྲང་། 8,613 45.70 10,234 54.30 18,847 ༢༠ གཞལ་སྒང་། 8,601 49.59 87,44 50.41 17,345 ཡོངས་བསྡོམས་ 196,870 48.9618 205,219 51.0382 402,089 རྒྱལ་ཁབ་ནང་གི་ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་ལས་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་དོན་ལུ་ འགྲེམ་ཐོག་རྒྱན་ཤོག་གི་ཚོགས་རྒྱན་སྐྱུར་མི་༧༨༢༡༨ གིས་ འགྲེམ་ཐོག་རྒྱན་ཤོག་གི་ཐོ་བཀོད་འབད་དེ་ཡོད། ཚོགས་རྒྱན་སྐྱུར་མི་ངོ་རྐྱང་རེ་རེ་བཞིན་གྱིས་ ཁོ་/མོ་རའི་ཚོགས་རྒྱན་ས་ཁོངས་སྐོར་ ཚོགས་རྒྱན་སྐྱུར་མིའི་ཐོ་བཀོད་གནས་རིམ་དང་ བརྡ་དོན་ཚུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ www.election-bhutan.org.bt ཐོག་ལས་ ཡང་ན་ འགྲུལ་འཕྲིན་ལག་ལེན་ཐོག་ལས་ཡང་ བརྟག་ཞིབ་འབད་ཚུགས། བཙག་འཐུའི་ཐོ་ཡིག་མཐའ་དཔྱད་འདི་ འབྲེལ་ཡོད་རྫོང་ཁག་བཙག་འཐུ་ཡིག་ཚང་ ཡང་ན་ ངོས་ལེན་འགོ་དཔོན་གྱི་ཡིག་ཚང་ཁག་ ཡང་ན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ལྟེ་བ་ཚུ་ནང་གཟིགས་ཞིབ་འབད་ཚུགས། རང་ལུགས་གནམ་ལོ་ཕེ་མོ་སྤྲེ་ལོ་ཟླ་བདུན་པ་སྔ་མའི་ཚེས་ཉེར་དགུ་འམ་

Read More

བརྡ་འཕྲིན།

༉ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༢༠༤ ཅན་མ་དང་འཁྲིལ་ ས་གནས་གཞུང་གི་བཙག་འཐུ་གོ་རིམ་གཉིས་པ་༢༠༡༦ ནང་ལུ་ གདམ་ངོ་གྲུབ་པའི་འདེམས་ངོ་ཚུ་དང་ མི་མང་ཡོངས་ལུ་ སྤྱི་ཚེས་༣-༩-༢༠༡༦ ཚུན་ལུ་ འདེམས་ངོའི་གདམ་ངོ་གི་ཡིག་ཆ་བཙུགས་ནི་ བརྟག་ཞིབ་འབད་ནི་ འདེམས་ངོ་ལས་ཕྱིར་འཐོན་འབད་ནི་ཚུའི་དོན་ལུ་ གཤམ་འཁོད་ཐིག་ཁྲམ་ནང་བཀོད་ཡོད་པའི་ ངོས་ལེན་འགོ་དཔོན་ཚུ་དང་འབྲེལ་བ་འཐབ་སའི་ཁ་གསལ་དང་ དེ་ཚུའི་ཡིག་ཚང་གི་ས་ཁོངས་ཚུ་ མི་མང་ལུ་བརྡ་དོན་སྤེལཝ་ཨིན། དེ་དང་གཅིག་ཁར་ ས་གནས་གཞུང་གི་བཙག་འཐུའི་དུས་ཡུན་ཧྲིལ་བུའི་རིང་ལུ་ བརྡ་བརྒྱུད་དབང་འཛིན་ཡིག་ཚང་དང་ ཡིག་ཚང་གི་ས་ཁོངས་ཚུའི་ཁ་གསལ་ཚུ་ཡང་ གཤམ་འཁོད་ལུ་བཀོད་དེ་ཡོད།

Read More

བརྡ་འཕྲིན།

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི༌མང༌ཡོངས༌ལུ༌ཞུ༌དོན༌འདི༌ཡང༌ སྤྱི་ཚེས་༡༥-༨-༢༠༡༦ ལུ་ ཡང་བསྐྱར་མངོན་མཐོ་ཁྲིམས་ཀྱི་འདུན་ས་ལས་ མངོན་མཐོ་༼༥༤༽-༢༠༡༦/༡༦༥༡ ཅན་མའི་ བཀའ་ཡིག་གི་གོ་དོན་འགྲེལ་བཤད་ ཅིག་ ལོགས་སུ་ཕེབས་ཡོད་པའི་གནད་དོན་དང་འཁྲིལ་ འདས་པའི་བརྡ་འཕྲིན་ཨང་ ཨི་སི་བི་/བརྡ་འཕྲིན་-༠༡/༢༠༡༦/༡༩༣ སྤྱི་ཚེས་༩-༨-༢༠༡༦ ཅན་མའི་འཕྲོ་མཐུད་ལུ་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༣༤, ༣༥, ༣༦ དེ་ལས་ ༡༩༧ པ་ཚུའི་མངའ་འོག་ བརྡ༌འཕྲིན༌འདི་སྤེལཝ་ཨིན།

Read More

བརྡ་འཕྲིན:འབྲུག་པའི་རྩ་ཁྲིམས་ཆེན་མོའི་མངའ་འོག་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ།

  བརྡ་འཕྲིན། ས་གནས་གཞུང་གི་བཙག་འཐུ་༢༠༡༦། འབྲུག་པའི་རྩ་ཁྲིམས་ཆེན་མོའི་མངའ་འོག་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ།

Read More

ས་གནས་གཞུང་གི་བཙག་འཐུ་གོ་རིམ་གཉིས་པའི་དོན་ལུ་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་༢༠༡༦ མི་མང་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་འགག་ཆ་བཀོད་ནི་ལུ།

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ མི་དམངས་ཡོངས་ལུ་ཞུ་དོན་དེ་ཡང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༡༡༢ པ་དང་ འབྲུག་གི་འགྲེམ་ཐོག་རྒྱན་ཤོག་ བཅའ་ཡིག་དང་སྒྲིགས་གཞི་༢༠༡༣ ཅན་མའི་དོན་ཚན་ ༤.༡ པ་དང་འཁྲིལ་ ས་གནས་གཞུང་གི་བཙག་འཐུ་གོ་རིམ་གཉིས་པ ༢༠༡༦ གི་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་འདི་ མི་དམངས་ཀྱིས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་དགག་ཆ་བཀོད་ནི་གི་དོན་ལུ་ གསར་སྟོན་འབདཝ་ཨིན། བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་འདི་ འབྲེལ་ཡོད་རྫོང་ཁག་བཙག་འཐུའི་ཡིག་ཚང་དང་ ཐིམ་ཕུག་ཀ་ཝང་བྱང་ས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བ་ (དམངས་གཙོའི་ཁང་བཟང་) ཡང་ན་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ www.election-bhutan.org.bt ཚུ་ནང་གཟིགས་ཚུགས། ཁྱད་ཡོན་ལྡན་པའི་ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱིས་རང་ ཁྱོད་རང་བཙག་འཐུའི་ཐོ་ཡིག་ནང་ཚུད་ཡོདཔ་དང་ ཁ་གསལ་ཚུ་མ་འཛོལ་བར་ ངེས་བདེན་བཀོད་དེ་ཡོདཔ་ལུ་ བདེན་དཔྱད་འབད་གནང་དགོ་པའི་མགྲོན་བརྡ་ཞུཝ་ཨིན། ཐོབ་བརྗོད་ཟེར་མི་འདི་ བཙག་འཐུའི་ཐོ་ཡིག་ནང་བཀོད་ནི་ལུ་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ནོར་བ་འབད་བཀོད་དེ་ཡོད་མི་དང་ ཡང་ན་ ག་འབད་རུང་ཅིག་གི་བརྡ་དོན་མ་ཚུད་པར་ཡོད་མི་དེ་ དག་བཅོས་འབད་ནི་ལུ་སླབ་ཨིན) དེ་ལས་ /ཡང་ན་ དགག་ཆ་ཟེར་མི་འདི་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ག་འབད་རུང་ཅིག་འཛོལ་ཏེ་བཙུགས་ཡོད་མི་ལུ་ དགག་ཆ་བཀོད་ནི་ལུ་སླབ་ཨིན) གལ་སྲིད་ འདི་བཟུམ་ཚུ་ཡོད་དེ་འབད་བ་ཅིན་ སྤྱི་ལོ་༢༠༡༦

Read More

བརྡ་འཕྲིན- འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད།

༉   འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་འདི་ཡང་ ས་གནས་གཞུང་གི་བཙག་འཐུ་༢༠༡༦ གི་དོན་ལུ་ རྫོང་ཁག་ཚུ་ལས་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ཀྱི་ ཞུ་ཡིག་མང་རབས་ཅིག་ལྷོད་དེ་ཡོདཔ་ལས་ དང་འདོད་ཡོད་པའི་མི་ངོམ་ཚུ་ལུ་ རྫོང་ཁག་རེ་རེ་ནང་ བརྟག་དཔྱད་ལྟེ་བ་རེ་གི་ནང་ལུ་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ ད་རུང་ཚར་གཅིག་ འགོ་འདྲེན་འཐབ་ནི་མཐུན་རྐྱེན་སྒྲིག་ནི་ཨིན། དེ་འབདཝ་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལས་ དང་འདོད་ངེས་ཏིག་ཡོད་པའི་མི་ངོམ་ཚུ་གིས་ བརྟག་དཔྱད་ནང་བཅའ་མར་གཏོགས་ནི་ལུ་ འབྲེལ་ཡོད་རྫོང་ཁག་བཙག་འཐུ་ཡིག་ཚང་ནང་ སྤྱི་ཚེས་༡༥-༠༧-༢༠༡༦ (རེས་གཟའ་སྤེན་པ་) ལས་མ་ཕྱི་བར་ ཐོ་བཀོད་མཛད་གནང་དགོ་པའི་མགྲོན་བརྡ༌འབདཝ༌ཨིན། བརྟག་དཔྱད་འདི་ སྤྱི་ཚེས་༡༩-༠༧-༢༠༡༦ (རེས་གཟའ་ལྷག་པ) ལུ་ འབྲེལ་ཡོད་རྫོང་ཁག་ནང་ འགོ་འདྲེན་འཐབ་ནི་ཨིན། རང་ལུགས་གནམ་ལོ་མེ་ཕོ་སྤྲེལ་ལོ་ ཟླ་དྲུག་པའི་ཚེས་གཅིག་གམ་ སྤྱི་ལོ་༢༠༡༦ ཟླ་༠༧ པའི་ཚེས་༥ ལུ་སྤེལ།   འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Read More

ས་གནས་གཞུང་གི་འདེམས་ཁོངས་ས་ཁྲའི་དཔེ་དེབ་བསྐྱར་ཞིབ་འབད་ཡོད་མི་གསར་སྟོན་༢༠༡༦།

༉    འབྲུག་གི་བཅད་མཚམས་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༩༧ དང ༩༨ པ་དང་འཁྲིལ་ སྤྱི་ཚོགས་ཀྱིས་ ཚོགས་ཐེངས་༥ པ་ (གནམ་བྱར་གྱི་འཚོགས་རིམ་) ༢༠༡༥ ནང་ རྫོང་ཁག་ཁྲོམ་སྡེ་༡༦ དང་ ཡན་ལག་ཁྲོམ་སྡེ་༢༠ གི་གསལ་བསྒྲགས་གནང་ཡོད་མི་ལྟར་དུ་ སྤྱི་འོག་ཚུན་གྱི་མངའ་ཁོངས་ས་མཚམས་དེ་མ་ཚད་ ས་གནས་གཞུང་གི་འདེམས་ཁོངས་ཀྱི་མིང་དང་ཡིག་སྡེབ་ཚུ་ བསྐྱར་ཞིབ་འབད་དེ་ཡོད་མི་འདི་ མི་མང་ཡོངས་ལུ་ བརྡ་འཕྲིན་སྤེལཝ་ཨིན།   [ཁ་གསལ]

Read More

ས་གནས་གཞུང་གི་བཙག་འཐུ་གོ་རིམ་གཉིས་པའི་དོན་ལུ་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་༢༠༡༦ མི་མང་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་འགག་ཆ་བཀོད་ནི་ལུ།

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ མི་དམངས་ཡོངས་ལུ་ཞུ་དོན་དེ་ཡང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༡༡༢ པ་དང་ འབྲུག་གི་འགྲེམ་ཐོག་རྒྱན་ཤོག་ བཅའ་ཡིག་དང་སྒྲིགས་གཞི་༢༠༡༣ ཅན་མའི་དོན་ཚན་ ༤.༡ པ་དང་འཁྲིལ་ ས་གནས་གཞུང་གི་བཙག་འཐུ་གོ་རིམ་གཉིས་པ ༢༠༡༦ གི་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་འདི་ མི་དམངས་ཀྱིས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་དགག་ཆ་བཀོད་ནི་གི་དོན་ལུ་ གསར་སྟོན་འབདཝ་ཨིན། བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་འདི་ འབྲེལ་ཡོད་རྫོང་ཁག་བཙག་འཐུའི་ཡིག་ཚང་དང་ ཐིམ་ཕུག་ཀ་ཝང་བྱང་ས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བ་ (དམངས་གཙོའི་ཁང་བཟང་) ཡང་ན་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ www.election-bhutan.org.bt ཚུ་ནང་གཟིགས་ཚུགས། ཁྱད་ཡོན་ལྡན་པའི་ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱིས་རང་ ཁྱོད་རང་བཙག་འཐུའི་ཐོ་ཡིག་ནང་ཚུད་ཡོདཔ་དང་ ཁ་གསལ་ཚུ་མ་འཛོལ་བར་ ངེས་བདེན་བཀོད་དེ་ཡོདཔ་ལུ་ བདེན་དཔྱད་འབད་གནང་དགོ་པའི་མགྲོན་བརྡ་ཞུཝ་ཨིན། ཐོབ་བརྗོད་ཟེར་མི་འདི་ བཙག་འཐུའི་ཐོ་ཡིག་ནང་བཀོད་ནི་ལུ་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ནོར་བ་འབད་བཀོད་དེ་ཡོད་མི་དང་ ཡང་ན་ ག་འབད་རུང་ཅིག་གི་བརྡ་དོན་མ་ཚུད་པར་ཡོད་མི་དེ་ དག་བཅོས་འབད་ནི་ལུ་སླབ་ཨིན) དེ་ལས་ /ཡང་ན་ དགག་ཆ་ཟེར་མི་འདི་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ག་འབད་རུང་ཅིག་འཛོལ་ཏེ་བཙུགས་ཡོད་མི་ལུ་ དགག་ཆ་བཀོད་ནི་ལུ་སླབ་ཨིན) གལ་སྲིད་ འདི་བཟུམ་ཚུ་ཡོད་དེ་འབད་བ་ཅིན་ སྤྱི་ལོ་༢༠༡༦

Read More