༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་འདི་ཡང་ སྤྱི་ཚེས་༢༧–༩–༢༠༡༦ རེས་གཟའ་ལྷག་པ་འདི་ རྒེད་འོག་ཚོགས་སྡེ་༢༠༥ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ཚོགས་སྡེ་ དེ་ལས་ བུམ་ཐང་ དར་དཀར་ན་ ཧཱ་ ལྷུན་རྩེ་ སྤ་རོ་ སྤུངས་ཐང་ཁ་ ཀྲོང་གསར་ བསམ་རྩེ་ བཀྲིས་སྒང་ བཀྲིས་གཡང་རྩེ་ རྩི་རང་ དབང་འདུས་ཕོ་བྲང་ གཞལ་སྒང་ཚུ་གི་རྫོང་ཁག་ཁྲོམ་སྡེའི་ངོ་ཚབ་ཚུའི་ བཙག་འཐུ་གི་ཚོགས་རྒྱན་ཉིནམོ་ཨིན་པའི་བརྡ་དོན་སྤེལཝ་ཨིན།
དེ་འབདཝ་ལས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༣༢༩ པ་དང་འཁྲིལ་ གོང་འཁོད་ཉིནམོ་འདི་ལུ་ ཐིམ་ཕུག་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་གི་ཁྲོམ་སྡེ་གསུམ་མ་གཏོགས་ གཞན་རྫོང་ཁག་༢༠ ཆ་མཉམ་ནང་རང་ གཞུང་གི་ངལ་གསོ་ཨིནམ་ལུ་ གསལ་བསྒྲགས་འབདཝ་ཨིན། ཚོགས་རྒྱན་ཉིནམོ་སྐབས་ མགྲོན་ཁྱིམ་དང་འབྲེལ་བའི་བཟའ་ཁང་ཚུ་མ་གཏོགས་ གཞན་མི་ཡིག་ཚང་དང་ ཚོང་འབྲེལ་ལས་སྡེ་ཚུ་ ཆ་མཉམ་རང་སྒོ་སྡམ་བཞག་དགོ།
འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།