༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༤༥༧ པ་དང་འཁྲིལ་ ས་གནས་གཞུང་གི་བཙག་འཐུའི་ འདེམས་ཁོངས་སྟོངམ་འབད་ལུས་མིའི་བཙག་འཐུ་དང་ རྒེད་འོག་ཚོགས་སྡེ་ཚོགས་པའི་ དུས་མིན་བཙག་འཐུའི་ གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན།
དེ་ཡང་ ལྷུན་རྩེ་རྫོང་ཁག་མངའ་འོག་གི་ ཀུར་སྟོད་རྒེད་འོག་ དུང་དཀར་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པའི་ དུས་མིན་བཙག་འཐུ་དང་ ཆུ་ཁ་རྫོང་ཁག་འོག་གི་ གད་སྟག་ན་རྒེད་འོག་ དར་ག་_ཚེ་སྦྱིས་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ་ཚོགས་པ་དང་ ཆུ་ཁ་རྫོང་ཁག་འོག་གི་ ཕུན་ཚོགས་གླིང་ཁྲོམ་གྱི་ ཕུན་ཚོགས་གླིང་སྨད་ཀྱི་ རྫོང་ཁག་ཁྲོམ་སྡེ་ཚོགས་པ་དང་ སྤ་རོ་རྫོང་ཁག་གི་ ཁྲོམ་སྡེ་ངོ་ཚབ་ཚུའི་ བཙག་འཐུ་ཚུ་འགོ་འདྲེན་འཐབ་ཡོདཔ་ཨིན།
བཙག་འཐུ་གྲུབ་མི་འཐུས་མི་ཚུའི་ མིང་འདི་གཤམ་གསལ་ལྟར་ཨིན
ཨང་ | མིང་ | ངོས་འཛིན་འདྲ་པར་ཨང་ | ཕོ་མོའི་དབྱེ་བ་ | རྒེད་འོག་ | འདེམས་ཁོངས་ |
---|---|---|---|---|---|
ལྷུན་རྩེ། | |||||
༡ | སངྱས་ཚེ་རིང་། | ༡༠༦༠༤༠༠༢༠༦༧ | ཕོ། | ཀུར་སྟོད། | དུང་དཀར། |
ཆུ་ཁ། | |||||
༢ | ཆུང་ཀུ་ཟླ་བ། | ༡༠༢༡༡༠༠༢༧༣༩ | མོ། | ཕུན་ཚོགས་གླིང་ཁྲོམ་སྡེ། | ཕུན་ཚོགས་གླིང་སྨད། |
༣ | མཁའ་འགྲོ། | ༡༠༢༠༨༠༠༠༦༧༢ | ཕོ། | གད་སྟག་ན། | དར་ག་_ཚེ་སྦྱིས། |
སྤ་རོ། | |||||
༤ | བདེ་སྐྱིད་ལྷ་མོ། | ༡༠༨༠༩༠༠༠༠༦༠ | མོ། | རྫོང་ཁག་ཁྲོམ། | རྫོང་ཁག་ཁྲོམ། |
ཚོགས་རྒྱན་བཙུགས་མིའི་བརྒྱ་ཆ་དང་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་བཙུགས་མིའི་ཁ་གསལ་ཚུ་ གཤམ་གསལ་ལྟར་ཨིན།
༼༡༽ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་བཙུགས་མི་བསྡོམས = ༩༨༦ ༼ཕོ་ ༥༠༠ དང་མོ ༤༨༦༽
༼༢༽ ཚོགས་རྒྱན་སྐྱུར་ཡོད་པའི་བསྡོམས ༼འཕྲུལ་ཆས་ཐོག༽= ༢༥༧༼ཕོ་ ༡༡༨ དང་མོ་ ༡༣༩༽
༡- ཚོགས་རྒྱན་འཕྲུལ་ཆས་ཐོག་ལུ་ = ༢༥༧
༢- འགྲེམ་ཐོག་ཚོགས་རྒྱན་ཐོག་ལས་ =༢༥
༼༣༽ ཚོགས་རྒྱན་སྐྱུར་མི་བརྒྱ་ཆ = ༢༨.༦%
འདེམས་ཁོངས་ ༧ ནང་ལུ་ དང་འདོད་བསྐྱེད་མི་མི་ངོམ་ ག་ཡང་མ་ཐོནམ་ལས་ རྒེད་འོག་ཚོགས་སྡེ་ཚོགས་པའི་འདེམས་ཁོངས་ ༥ དང་ རྫོང་ཁག་ཁྲོམ་སྡེ་ངོ་ཚབ་ཀྱི་འདེམས་ཁོངས་ ༢ འབདཝ་ད་ ད་རུང་ འདེམས་ཁོངས་ ༧ ས་སྟོང་འབད་ལུས་ཡོདཔ་ཨིན།
འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་ དོན་ཚན་ ༥༨༠ པ་དང་འཁྲིལ་ཏེ་ བཙག་འཐུ་གྲུབ་མི་འཐུས་མི་འདི་གིས ས་གནས་གཞུང་གཉིས་པའི་ ལྷག་ལུས་ཀྱི་གནས་ཡུན་མ་ཚང་ཚུན་རྐྱངམ་ཅིག་ ཕྱག་ཕྱིད་ཞུ་ཆོག་ནི་ཨིན།
བཙག་འཐུའི་མཐོ་གཏུགས་ཀྱི་གནས་ཡུན་འདི་ ད་རི་ སྤྱི་ཚེས་ ༡༧/༡༡/༢༠༡༧ ལས་ སྤྱི་ཚེས་ ༣༠/༡༡/༢༠༡༧ གྱི་ཕྱི་རུའི་ཆུ་ཚོད་ ༤ ཚུན་ལུ་ཨིནམ་སྦེ་ མི་མང་ལུ་ བརྡ་ཁྱབ་སྤེལཝ་ཨིན།
རང་ལུགས་གནམ་ལོ་ མེ་མོ་བྱ་ལོ་ རང་ཟླ་ ༩ པའི་ ༢༩ དང་ སྤྱི་ཟླ་ ༡༡ པའི་སྤྱི་ཚེས་ ༡༧ ལུ།
(ཆོས་རྒྱལ་ཟླ་སྒོ་རིག་འཛིན)
འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།