འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ལས་རྟགས་འགྲེལ་བཤད།
མི་གཅིག་གིས་ ཚོགས་རྒྱན་བཙུགས་ས་སྟོན་མི་འདི་ ཁོ་/མོ་རའི་ཚོགས་རྒྱན་འདི་ གསང་བའི་ཐོག་ལས་འབད་བཙག་འཐུ་འདི་ རང་མོས་དང་རྣམ་དག་ཐོག་ལས་ འགོ་འདྲེན་པའི་རྟགས་ཨིན།.
མི་གི་གཟུགས་འདི་ མཚོ་གཞི་དཀརཔོ་སྦེ་ཡོད་མི་འདི་ ཚོགས་རྒྱན་བཙུགས་མི་འདི་གི་སེམས་ལུ་ དམ་ཚིག་གཙང་མའི་ཐོག་ལས་བཙུགསཔ་ཨིན་པའི་རྟགས་ཨིན།
རྒྱལ་གཞུང་གི་ངོ་རྟགས་དང་ རྒྱལ་དར་ཡོད་མི་འདི་འབྲུག་པའི་མི་སེར་ཚུ་ལུ་ དམངས་གཙོའི་གཞུང་གི་འགན་ཁུར་འབག་དགོ་པའི་རྟགས་ཨིན།
རྒྱབ་གཞི་ཧོནམ་འདི་ག་ར་ལུ་ཁྱབ་ཚུགསཔ་འབད་ ཆགས་སྡང་ཕྱོགས་རིས་མེད་པའི་རྟགས་ཨིན།
རྒྱན་ཤོག་འདི་གི་མཚོ་གཞི་ལྗང་ཁུ་ཡོད་མི་འདི་སྔར་སྲོལ་བཟང་པོ་ཚུ་ཉམས་མ་བཅུག་པར་བདག་འཛིན་འཐབ་མ་ཚད་ འཛམ་གླིང་གསར་པའི་དུས་ཀྱི་འགྱུར་བ་དང་བསྟུན་པའི་དམས་གཙོའི་ གཞུང་གི་གཞི་རྩ་ཚུ་ ལེགས་སྐྱོང་འབད་བའི་རྟགས་ཨིན།