༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བརྡ་འཕྲིན་ཨང་ ཨི་སི་བི/བརྡ་འཕྲིན-༠༡/༢༠༢༡/༥༣༥༧ སྤྱི་ཚེས་ ༡༠-༡༡-༢༠༢༡ དང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༡༡༨ ཅན་མ་ཚུ་དང་འཁྲིལ་ སྤྱི་ལོ་༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ བཙག་འཐུའི་ཐོ་ཡིག་མཐའ་དཔྱད་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཐོ་ཡིག་མཐའ་དཔྱད་འདི་ ཕྱིར་སྤེལ་འབདཝ་ཨིན།
བཙག་འཐུའི་ཐོ་ཡིག་མཐའ་དཔྱད་འདི་ སྤྱི་ཚེས་ ༡༡ ལས་ ༢༠-༡༡-༢༠༢༡ ཚུན་གྱི་དུས་ཡུན་རིང་ལུ་ རྫོང་ཁག་ཚུ་ལས་ “ཐོབ་བརྗོད་དང་ དགག་ཆ་” བཀོད་དེ་ཡོད་མི་ཚུ་ མཉམ་སྡེབ་དང་བསྒྱུར་བཅོས་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་ ཆ་བཞག་ཚེས་གྲངས་ སྤྱི་ཚེས་ ༡-༡༠-༢༠༢༡ ཚུན་ལུ་ ཚོགས་རྒྱན་སྐྱུར་མི་བསྡོམས་ ༤༦༣,༠༤༠ ཡོད་མི་ནང་ལས་ ཨམ་སྲུ་ ༢༣༦,༨༣༦ དང་ ཕོ་རྒས་ ༢༢༦,༢༠༣ ཨིན་མས།
བཙག་འཐུའི་ཐོ་ཡིག་འདི་ འདེམས་ཁོངས་དང་འཁྲིལ་ ཁ་དབྱེ་སྟེ་གཤམ་འཁོད་ལྟར་དུ་ཨིན།
ཨང་། | རྫོང་ཁག | ཕོ | མོ | ཡོངས་བསྡོམས |
༡ | བུམ་ཐང་། | ༤༩༩༣ | ༥༦༣༥ | ༡༠༦༢༨ |
༢ | ཆུ་ཁ། | ༡༢༩༩༤ | ༡༣༢༦༣ | ༢༦༢༥༧ |
༣ | དར་དཀར་ན། | ༡༣༤༥༣ | ༡༣༤༤༧ | ༢༦༩༠༠ |
༤ | མགར་ས། | ༡༠༣༦ | ༡༡༤༧ | ༢༡༨༣ |
༥ | ཧཱ། | ༣༩༡༥ | ༤༣༥༣ | ༨༢༦༨ |
༦ | ལྷུན་རྩེ། | ༨༥༢༧ | ༩༤༧༡ | ༡༧༩༩༨ |
༧ | མོང་སྒར། | ༡༧༨༦༣ | ༡༩༢༧༧ | ༣༧༡༤༠ |
༨ | སྤ་རོ། | ༩༦༢༢ | ༡༠༥༦༥ | ༢༠༡༨༧ |
༩ | པདྨ་དགའ་ཚལ། | ༡༣༦༤༨ | ༡༤༤༤༣ | ༢༨༠༩༡ |
༡༠ | སྤུངས་ཐང་ཁ། | ༨༧༢༥ | ༩༥༩༠ | ༡༨༣༡༥ |
༡༡ | བསམ་གྲུབ་ལྗོངས་མཁར། | ༡༣༣༩༦ | ༡༤༤༤༨ | ༢༧༨༤༤ |
༡༢ | བསམ་རྩེ། | ༢༦༦༥༣ | ༢༤༦༤༧ | ༥༡༣༠༠ |
༡༣ | གསར་སྤང་། | ༡༥༤༤༧ | ༡༥༦༢༢ | ༣༡༠༦༩ |
༡༤ | ཐིམ་ཕུག | ༣༦༣༡ | ༣༩༨༧ | ༧༦༡༨ |
༡༥ | བཀྲིས་གཡང་རྩེ། | ༩༦༨༦ | ༡༠༤༩༤ | ༢༠༡༨༠ |
༡༦ | བཀྲིས་སྒང་། | ༢༤༦༡༠ | ༢༦༣༣༨ | ༥༠༩༤༨ |
༡༧ | ཀྲོང་གསར། | ༥༢༣༦ | ༥༦༥༤ | ༡༠༨༩༠ |
༡༨ | རྩི་རང་། | ༡༢༩༦༡ | ༡༢༥༤༠ | ༢༥༥༠༡ |
༡༩ | དབང་འདུས་ཕོ་བྲང་། | ༩༩༩༧ | ༡༡༨༠༡ | ༢༡༧༩༨ |
༢༠ | གཞལ་སྒང་། | ༩༨༡༡ | ༡༠༡༡༤ | ༡༩༩༢༥ |
ཡོངས་བསྡོམས། | ༢༢༦,༢༠༤ | ༢༣༦,༨༣༦ | ༤༦༣,༠༤༠ |
སྤྱི་ལོ་༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ རྒྱལ་ཁབ་ནང་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་བསྡོམས་ལས་ ༤༤,༢༣༡ ༼༣༩,༤༥༣ འབྲུག་ནང་འཁོད་དང་ ༤,༧༧༨ ཕྱི་རྒྱལ༽ གིས་ འགྲེམ་ཐོག་རྒྱན་ཤོག་དང་ ༩༥,༥༩༩ གིས་རྒྱན་ཤོག་ལྷན་ཐབས་ས་ཁོངས་ དེ་ལས་ ༡༥,༠༢༦ གིས་འགྲུལ་བསྐྱོད་ཚོགས་རྒྱན་ས་ཁོངས་ཀྱི་ཐོག་བཀོད་འབད་དེ་ཡོད།
ཚོགས་རྒྱན་སྐྱུར་མི་རེ་རེ་བཞིན་གྱིས་ ཁོ/མོ་རའི་ཚོགས་རྒྱན་ས་ཁོངས་སྐོར་ ཚོགས་རྒྱན་སྐྱུར་མིའི་ཐོ་བཀོད་གནས་རིམ་དང་བརྡ་དོན་ཚུ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་དང་ སྐྱེས་ཚེས་ལག་ལེན་འཐབ་ཐོག་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་ www.ecb.bt ནང་ Check your Enrollment འབྲེལ་མཐུད་ཐོག་ལས་ བརྟག་ཞིབ་འབད་ཚུགས། བཙག་འཐུའི་ཐོ་ཡིག་འདི་ རྫོང་ཁག་རང་སོའི་བཙག་འཐུ་ཡིག་ཚང་ ཡང་ན་ ངོས་ལེན་འགོ་དཔོན་གྱི་ཡིག་ཚང་ཁག་ ཡང་ན་ ཐིམ་ཕུག་ཀ་ཝང་བྱང་ས་ལུ་ཡོད་པའི་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ཡིག་ཚང་ལྟེ་བ་ཚུ་ནང་ གཟིགས་ཞིབ་འབད་ཚུགས།
རང་ལུགས་གནམ་ལོ་ ལྕགས་མོ་གླང་ལོ་ རང་ཟླ་ ༡༠ པའི་ཚེས་ ༡༨ ལུའམ་ སྤྱི་ཚེས་ ༢༢-༡༡-༢༠༢༡ ལུ་སྤེལ།