Home > བརྡ་འཕྲིན། > བརྡ་འཕྲིན།

བརྡ་འཕྲིན།

འབྲུག་སྤྱིར་དབང་ཚོགས་པ་(DCT)ཟེར་བའི་སྲིད་དོན་ཚོགས་པ་འདི་ཁོང་རའི་བློ་འདོད་དང་འཁྲིལ་ སྲིད་དོན་ཚོགས་པའི་ཐོ་དེབ་ལས་ཕྱིར་བཏོན་འབད་དགོ་པའི་ཞུ་བ་དང་འཁྲིལ་ འབྲུག་སྤྱིར་དབང་ཚོགས་པ་(DCT) འདི་ བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པའི་ཐོ་བཀོད་མ་ཡིག་ནང་ལས་བཏོན་ཡོད་པའི་བརྡ་འཕྲིན་མི་མང་ལུ་སྤེལཝ་ཨིན།

 

ཚོགས་པ་གཞི་བཙུགས་འབད་མི་ ཚོགས་པའི་འཐུས་མི་ མི་ངོམ་ ༡༥ གིས་མིང་རྟགས་ལག་བྲིས་དང་བཅས་ ཚོགས་པ་གིས་ཞུ་བ་ཕུལ་ཡོད་པའི་ཡིག་ཨང་ DCT/ECB/2018/Nilསྤྱི་ཚེས་ ༢༠-༠༢-༢༠༡༨ ཅན་མ་དང་འཁྲིལ་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་ལིའུ་ ༡༦ པའི་དོན་ཚན་ ༡༤༧(ང)པ་དང་ ཚོགས་པའི་སྒྲིག་ཡིག་ ༢༠༠༨ ཅན་མའི་ལིའུ་ ༡༥༣ དང་བསྟུན་ འབྲུག་སྤྱིར་དབང་ཚོགས་པ་(DCT)འདི་ བཙག་འཐུ་ལྷན་ཚོགས་ཀྱི་ཐོ་བཀོད་མ་ཡིག་ནང་ལས་ཕྱིར་་བཏོན་འབད་ཡོད།

 

བརྡ་འཕྲིན་དེ་ ད་རིས་ རང་ལུགས་གནམ་ལོ་ ས་ཕོ་ཁྱི་ལོ་ རང་ཟླ་དང་པའི་ ཡར་ཚེས་ ༡༡ དང་ སྤྱི་ཚེས་༢༦-༠༢-༢༠༡༨ ལུ་ དམངས་གཙོའི་ཁང་བཟང་ལས་སྤེལཝ་ཨིན།

སྲིད་དོན་ཚོགས་པའི་ ཐོ་བཀོད་དབང་འཛིན་པ།