Home > བརྡ་འཕྲིན། > མོང་སྒར་དང་པདྨ་དགའ་ཚལ་རྫོང་ཁག་གི་མངའ་འོག་ མོང་སྒར་དང་ངང་ལམ་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུའི་དོན་ལུ་ བཙག་འཐུའི་ཐོ་བཀོད་ཟིན་བྲིས་ མི་དམངས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་འགག་ཆ་བཀོད་ནི་ལུ།

མོང་སྒར་དང་པདྨ་དགའ་ཚལ་རྫོང་ཁག་གི་མངའ་འོག་ མོང་སྒར་དང་ངང་ལམ་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུའི་དོན་ལུ་ བཙག་འཐུའི་ཐོ་བཀོད་ཟིན་བྲིས་ མི་དམངས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་འགག་ཆ་བཀོད་ནི་ལུ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ མི་དམངས་ཡོངས་ལུ་ཞུ་དོན་ དེ་ཡང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༡༡༢ པ་དང་ ༡༡༣ པ་དེ་ལས་ འགྲེམ་ཐོག་རྒྱན་ཤོག་བཅའ་ཡིག་དང་སྒྲིག་གཞི་ ༢༠༠༨ ཅན་མའི་དོན་ཚན་ ༤.༡ དང་འཁྲིལ་ མོང་སྒར་དང་པདྨ་དགའ་ཚལ་རྫོང་ཁག་གི་མངའ་འོག་ མོང་སྒར་དང་ངང་ལམ་འདེམས་ཁོངས་ཀྱི་དུས་མིན་བཙག་འཐུའི་དོན༌ལས༌ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མིའི་ཐོ་ཡིག་ཟིན་བྲིས་འདི་ མི་དམངས་ཀྱིས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་དགག་ཆ་བཀོད་ནི་གི་དོན་ལུ་ བརྡ་ཕྲིན་སྤེལཝ་ཨིན།

བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མིའི་ཐོ་ཡིག་ཟིན་བྲིས་འདི་ འབྲེལ་ཡོད་རྫོང་ཁག་བཙག་འཐུའི་ཡིག་ཚང་དང་ ཐིམ་ཕུག་ཀ་ཝ་བྱང་ས་ བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བ་ ཡང་ན་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ https://berms.ecb.bt/enrollment/check ནང་གཟིགས་ཚུགས།

ཁྱད་ཡོན་ལྡན་པའི་ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱིས་རང་ ཁྱོད་རང་བཙག་འཐུའི་ཐོ་ཡིག་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མིའི་ཐོ་ཡིག་ནང་ཚུད་ཡོདཔ་དང་ ཁ་གསལ་ཚུ་མ་འཛོལ་བར་ ངེས་བདེན་བཀོད་དེ་ཡོད་མེད་ བདེན་དཔྱད་འབད་གནང་དགོ་པའི་ མགྲོན་བརྡ་ཞུཝ་ཨིན། ཐོབ་བརྗོད་ཟེར་མི་འདི་ བཙག་འཐུའི་ཐོ་ཡིག་ནང་བཀོད་ནི་ལུ་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ནོར་བ་འབད་བཀོད་དེ་ཡོད་མི་དང་ ཡང་ན་ ག་འབད་རུང་ཅིག་གི་ བརྡ་དོན་ཁ་གསལ་མ་ཚུད་པར་ཡོད་མི་དེ་ དག་བཅོས་འབད་ནི་ལུ་སླབ་ཨིན) དེ་ལས་ དགག་ཆ་ཟེར་མི་འདི་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ག་འབད་རུང་ཅིག་ འཛོལ་ཏེ་ཚུད་ཡོད་པ་ཅིན་ དེ་ལུ་ དགག་ཆ་བཀོད་ནི་ལུ་སླབ་ཨིན) གལ་སྲིད་ འདི་བཟུམ་ཡོད་བ་ཅིན་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༠༥ པའི་ སྤྱི་ཚེས་ ༢༡ ལས་འགོ་བཙུགས་ སྤྱི་ཚེས་ ༣༠ ཚུན་གྱི་བར་ན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་སྙན་ཞུ་འབད་དགོ

ཐོབ་བརྗོད་དང་ དགག་ཆ་བཀོད་ནི་ལུ་དགོ་པའི་འབྲི་ཤོག་འདི་ བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བ་ རྫོང་ཁག་བཙག་འཐུ་ཡིག་ཚང་ དེ་ལས་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ནང་ལས་ ཐོབ་ཚུགས།
བརྡ་དོན་ཁ་གསལ་གྱི་དོན་ལུ་ འབྲེལ་བ་འཐབ་ས་ཡང་།

བཀྲ་ཤིས་རྡོ་རྗེ། ཡང་ན་ ཀུན་དགའ།
བཙག་འཐུའི་ཐོ་ཡིག་དང་བཅད་མཚམས་ལས་ཁུངས། རྫོང་ཁག་བཙག་འཐུ་ཡིག་ཚང་། མོང་སྒར།
འགྲུལ་འཕྲིན་ཨང་ ༡༧༦༡༢༢༢༩ འགྲུལ་འཕྲིན་ཨང་ ༡༧༦༠༤༣༤༨

ནོར་བུ་དབང་འདུས།
རྫོང་ཁག་བཙག་འཐུ་ཡིག་ཚང་། པདྨ་དགའ་ཚལ།
འགྲུལ་འཕྲིན་ཨང་ ༡༧༥༡༢༨༣༠